76627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ར་ཆོས་སྐྱོང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ཕྱི་ལོ་ ༡༤༧༣ ལོར་དབུ་སྟོད་རྒྱ་རུ་མགུར་དུ་འཁྲུངས། བྲག་དབར་དུ་རབ་ཏུ་བྱུང་། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། རྒྱུད་སྨད་ཀྱི་བླ་ཐོག་ནས་བྱང་རྩེར་བྱོན། འཆད་ཉན་པ་ཡུན་རིང་དུ་མཛད། རེ་གསུམ་པ་རབ་བྱུང་དགུ་པའི་ཤིང་ལུག་ཕྱི་ལོ་ ༡༥༣༥ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་ངོ་ལྔའི་རིང་བསྐྱངས། མདོ་སྔགས་འཆད་ཉན་གོང་འཕེལ་མཛད། ཐུབ་དབང་གི་གོས་སྐུ་ཆེན་པོ་བཞེངས། རེ་བདུན་པ་རབ་བྱུང་དགུ་པའི་ས་ཕག་ཕྱི་ལོ་ ༡༥༣༩ ལོར་སྐུ་གཤེགས། རྣམ་རྒྱལ་མཆོད་རྟེན་དངུལ་གདུང་རིན་པོ་ཆེའི་གཡོན་གཉིས་པར་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བཅུ་དྲུག་པ་ཡིན།