76631
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞུང་ཆེན་གྱི་ཚིག་དོན་དང་། བམ་པོ་སོགས་ཀྱི་གོ་རིམ་ཕན་ཚུན་མི་འཁྲུག་པར་བྱེད་པའི་རྟགས་སམ། རྒྱ་མ་འདྲ་བ་རྣམ་པ་བདུན་ཏེ། ཚིག་མི་འཁྲུག་པ་ཚེག་གི་རྒྱ། ཚིག་རྐང་མི་འཁྲུག་པ་ཤད་ཀྱི་རྒྱ། ཚིག་དོན་མི་འཁྲུག་པ་ལེའུའི་རྒྱ། ཤོ་ལོ་ཀ་མི་འཁྲུག་པ་བམ་པོའི་རྒྱ། བམ་པོ་མི་འཁྲུག་པ་བམ་གྲངས་ཀྱི་རྒྱ། མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ། གླེགས་བམ་མི་འཁྲུག་པ་གདོང་ཡིག་གམ་སྤྱན་ཁྱེར་གྱི་རྒྱ་དང་བདུན་ནོ། ། |
| Domain | སྒྲ་རིག་པ། |