76643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་རྩི་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་སྟེ། མཐོ་ཚད་ལིས་སྨིས་གཉིས་ནས་དགུ་བར་ཡོད། ལོ་མའི་ངར་བ་རིང་ཞིང་བྱ་སྒྲོ་ལྟར་ཆ་མཉམ་དུ་གྱེས་ཡོད། མེ་ཏོག་སྔོ་སྐྱ་འདབ་མ་བརྒྱད་ཅན། ཟེའུ་འབྲུ་སེར་སྐྱ་ཡིན། རྟའི་རྔོ་ནད་ལ་བསྐུས་ན་ཕན་པའི་སྨན་ཞིག་ཡིན་ཞིང་། རྒྱ་རྩི་དུག་ལོ་ཡང་ཟེར། སྨན་གཞུང་དུ་གྱི་ལིང་རྟ་ལ་རྔོ་བྱུང་ན། རྒྱ་རྩི་དུག་ལོ་གསེར་གྱིས་ཉོས་ཞེས་བཤད་ཡོད། ཚི་བ་དང་ཧྭགས་སོགས་བསྲེས་ནས་གྲུབ་པའི་རྩི་ཤིག་གི་མིང་།
རྒྱ་རྩི་ (2)
Part of speech མིང་ཚིག
Definition རྒྱ་ནག་ནས་ཐོན་པའི་ཤིང་ལ་བསྐུ་རྒྱུའི་རྩི།