76669

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ཤོད་དགོན་ (1)
Part of speech མིང་ཚིག
Definition རྒྱ་ཤོད་དགོན་བྱང་ཆུབ་ཆོས་འཁོར་གླིང་ནི། སྤྱིར་དགོན་སྡེ་འདི་ཉིད་སྔ་འགྱུར་རྙིང་མའི་རྒྱལ་བ་ཀཿཐོག་དགོན་པའི་ཆོས་བརྒྱུད་ཡིན་ཞིང་དེ་ཡང་རྩོད་བྲལ་དུས་བབས་ཀྱི་གཏེར་ཆེན་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོ་ཁྲོམ་ཡུལ་དུ་བྱོན་སྐབས་དེང་སང་གི་དགོན་ས་དེར་ཕེབས་དུས་ཁོང་གི་ཆིབས་རྟ་དེར་ཉལ་བས་ཁོང་དེར་བཞུགས་ནས་འདིར་དགོན་པ་ཞིག་བཏབ་ན་ལེགས་ཚུལ་གསུངས་པའི་ལུང་བསྟན། ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་ནང་ཚན་ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ་ས་དེར་བྱོན་ནས་ཁོང་གི་དངོས་སློབ་བླ་མ་ངག་དབང་ཡོན་ཏན་ལ་དེར་རི་ཁྲོད་ཞིག་ཐོབ་གསུངས་པས་ཞལ་བཞེས་ལྟར་རི་ཁྲོད་བཏབ། །དེ་རྗེས་གདན་ས་དེར་ཀུན་མཁྱེན་ཚེ་དབང་མཆོག་གྲུབ་ཀྱི་དངོས་སློབ་འཇའ་ལུས་བ་ཨོ་རྒྱན་རང་གྲོལ། ཁོང་གྲྭ་ས་ཀཿཐོག་ཏུ་ཕེབས་ནས་མ་ཧཱ་པཎྜི་ཏའི་མདུན་ཁྲེགས་ཆོད་ཐོད་རྒལ་སོགས་རྫོགས་ཆེན་གྱི་ཆོས་རྣམས་གསན་ཏེ་ལོ་དགུ་ལ་སྒྲུབ་པ་ཉམས་ལེན་བྱས་མཐར་དབུ་དང་ཞྭ་བུམ་པ་གནང་སྟེ་ཚུར་བྱང་ཆུབ་ཆོས་གླིང་དུ་བྱོན་ནས་གདན་ས་བསྐྱངས། དེའི་རྗེས་དུས་དབང་གིས་ས་གྱོད་བྱུང་བས་ཡུལ་སྤོར་ནས་ནག་སྒར་བྱས་ནས་ཚེས་དུས་མཆོད་སོགས་འཚོགས། ཕྱིས་སུ་རབ་བྱུང་བཅོ་ལྔའི་ཤིང་ཡོས་བྱ་ལོར་ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་སྐུ་ཕྲེང་གསུམ་པ་འགྱུར་མེད་བསྟན་པའི་རྣམ་རྒྱལ་གྱིས་གདན་ས་བྱང་ཆུབ་ཆོས་གླིང་དུ་ལྷ་ཁང་རྒྱ་བསྐྱེད་གནང་སྟེ་སྒྲུབ་པ་དུས་མཆོད་སོགས་རྟ་དབྱངས་འབུལ་དཀྲོལ་དག་ཐེར་མཛད།

{{#arraymap:རྒྱ་ཤོད་དགོན་

|; |@@@ | | }}