76692

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་སྤོས་ (1)
Part of speech མིང་ཚིག
Definition རྒྱ་དཀར་ནག་ནས་བྱུང་བའི་སྤོས།
རྒྱ་སྤོས་ (2)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་སྙུང་རིལ་དབྱིབས་ཅུང་སྦོམ་ལ་རྩ་ཕྲན་ཡོད་པ་དང༌། སྡོང་པོ་ཕྲ་ལ་རིང་བར་ཡལ་ག་མང་པོ་གྱེས་ཤིང༌། ལོ་མ་ལྗང་སེར་ཆུང་ལ་སྒོར་ཞིང་ངར་པ་ཐུང་བ། ལོ་མའི་མཐར་ཉག་ག་ཆུང་ལ་ཞིབ་པའི་རྩེ་སྒོར་བ། མེ་ཏོག་སེར་པོ་བརྩེགས་པའི་བང་རིམ་ཅན་ཡལ་སྡོང་གི་རྩེར་འཆར་ཞིང༌། མེ་ཏོག་རེར་འབྲས་བུ་རེ་ཡོད་པར་ནེའུ་ལེའི་རི་མོ་གསལ་པོར་མངོན་པ་བཅས། གླིང་ཁའི་ནང་དང༌། ཞིང་གསེབ། ས་རྒོད་སོགས་སུ་སྐྱེ་བ། བོད་ཟླ་བདུན་པའི་ནང་རྩ་ལོ་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ཚད་པ་རྙིང་པའི་ནད་དང༌། དུག་ཚད་རྒྱས་པ། གཉན་རིམས། མཆེར་བའི་གླང་ཐབས། གག་ལྷོག ཡན་ལག་གི་ཚིགས་མཚམས་སུ་རྣག་འཁོར་བ་སོགས་ལ་ཕན་པ་ཡིན།