76698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱག་ (1)
Part of speech བྱ་ཚིག
Definition དངོས་པོ་གཞན་གྱིས་གཞན་ལ་རྡེག་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བརྒྱག, བྲག་ལ་ཁུ་ཚུར་བརྒྱག་རྒྱུ་མེད།]
Present [རྒྱག, དབྱུག་པས་རྒྱག་བཞིན་ར་ལུག་འཚོས།]
Past [བརྒྱབ།, ཐོ་བས་བརྒྱབ་ནས་ཕ་བོང་གཏོར།]
Imperative [རྒྱོབ།, ཁྱི་ལ་དབྱུག་པས་རྒྱོབ་ལྟ་བུ།]
རྒྱག་ (2)
Part of speech བྱ་ཚིག
Definition ཁང་པ་དང་སྒར་གཞིས་གསར་བཟོ་བྱས་པའི་དོན།
Keyword True
Future [བརྒྱག, ས་ཆ་ལེགས་པོ་ཡོད་ན་ཁང་པ་བརྒྱབ་འཆར་ཡོད།]
Present [རྒྱག, ས་ཁོད་སྙོམས་པོར་སྒར་རྒྱག་བཞིན་གདའ།]
Past [བརྒྱབ།, གྲྭ་ཁང་སྤུས་ལེགས་པོ་ཞིག་བརྒྱབས་ཟིན།]
Imperative [རྒྱོབ།, རྨ་ཨ་ཕྱིའི་ཐང་ལ་དམག་སྒར་རྒྱོབས་ལྟ་བུ།]
རྒྱག་ (3)
Part of speech བྱ་ཚིག
Definition དངོས་ཟོག་གི་རིགས་ཉོ་བའི་དོན་ཏེ།
Future [བརྒྱག, སང་ཉིན་ཉོ་ཆ་བརྒྱག་དགོས།]
Present [རྒྱག, ངས་ཉོ་ཆ་རྒྱག་གིན་ཡོད།]
Past [བརྒྱབ།, ད་ལྟ་རང་ཉོ་ཆ་བརྒྱབ་ཚར།]
Imperative [རྒྱོབ།, སང་ཉིན་ཉོ་ཆ་རྒྱོབ་ལྟ་བུ།]
རྒྱག་ (4)
Part of speech བྱ་ཚིག
Definition གཡུལ་བཀྱེས་པ་དང་མཚོན་ཆ་འཕང་པའི་དོན་ཏེ།
Future [བརྒྱག, དགྲ་བོས་ཚུར་རྒོལ་བྱས་ཚེ་དམག་བརྒྱག་དགོས།]
Present [རྒྱག, མདའ་རྒྱག་སྐབས་ཁ་ཕྱོགས་ལ་གཟོབས།]
Past [བརྒྱབ།, མདའ་བརྒྱབ་ནས་དགྲ་སྡེ་གཏོར།]
Imperative [རྒྱོབ།, མ་རུང་དགྲ་ལ་མདའ་འདི་རྒྱོབ་ལྟ་བུ།]
རྒྱག་ (5)
Part of speech བྱ་ཚིག
Definition སྣོད་དང་ཁང་པ་སོགས་ཀྱི་ཁ་སྒོ་སྡོམ་པའི་དོན།
Keyword True
Future [བརྒྱག, དེ་རིང་མ་ཕེབས་ཚེ་སང་ཚོང་ཁང་སྒོ་བརྒྱག་རྒྱུ་རེད།]
Present [རྒྱག, ཁང་སྒོ་རྒྱག་གིན་འདུག]
Past [བརྒྱབ།, ང་སླེབས་དུས་སྒོ་བརྒྱབ་ཟིན་ཙམ་རེད།]
Imperative [རྒྱོབ།, ཁང་སྒོ་རྒྱོབ་དང་འཁྱམས་ལ་འགྲོ་ལྟ་བུ།]
རྒྱག་ (6)
Part of speech བྱ་ཚིག
Definition སྐད་ཆ་ཤུགས་ཆེ་ཙམ་བཤད་པའི་དོན།
Keyword True
Future [བརྒྱག།, སང་ཉིན་མི་མང་གི་སྐད་བརྒྱག་རྒྱུ་རེད།]
Present [རྒྱག, གྲོང་དབར་ན་སྐད་ཅོར་རྒྱག་གིན་འདུག]
Past [བརྒྱབ། ༢རྒྱོབ།, སྐད་བརྒྱབ་ནས་མིད་པ་འགག་ལྟ་བུ།]
Imperative [འགྲོ་རན་དུས་སྐད་རྒྱོབ་ཤོག་ལྟ་བུ།]
རྒྱག་ (7)
Part of speech བྱ་ཚིག
Definition རྒྱུ་ནོར་གྱི་ལྐོག་རྫོང་བྱིན་པའི་དོན།
Future [བརྒྱག, དཔོན་ངན་ལ་ནོར་གྱིས་བརྒྱག་དགོས།]
Present [རྒྱག, མི་ངན་ནོར་གྱིས་རྒྱག་སྐབས་བཟང་།]
Past [བརྒྱགས།, ནོར་གྱིས་བརྒྱགས་རྗེས་ལས་དོན་བརྗེད།]
Imperative [རྒྱོགས།, དཔོན་ངན་ནོར་གྱིས་རྒྱོགས་དང་མགུ་ལྟ་བུ།]