76709

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱགས་ (1)
Part of speech བྱ་ཚིག
Definition ལུས་ཀྱི་ཤ་འཕེལ་ནས་ཆེན་པོར་གྱུར་པའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Antonyms རིད།
Future [བརྒྱག, ཟས་བཟའ་དྲགས་ན་ཤ་བརྒྱག་ནས་འགྲོ་འདུག་ལ་དཀའ་ངལ་འཕྲད་སྲིད།]
Present [རྒྱགས།, ཤ་རྒྱགས་བྱེད་ཀྱི་ཟས་རིགས་མང་པོ་མ་བཞེས་ན་ལེགས།]
Past [བརྒྱགས།, ཤ་བརྒྱགས་ནས་ལང་མི་ཐུབ་པ་ཆགས་ལྟ་བུ།]
རྒྱགས་ (2)
Part of speech བྱ་ཚིག
Definition རིགས་གཟུགས་སོགས་ཡོན་ཏན་ལ་བསམ་ནས་རང་གི་རྒྱུད་ཁེངས་པའི་དོན།
Future [བརྒྱག, ང་རྒྱལ་གྱིས་བརྒྱག་ན་ཡོན་ཏན་གསར་བ་མི་སྐྱེས།]
Present [རྒྱགས།, རིགས་གཟུགས་ཐོས་པ་སོགས་ཀྱིས་རྒྱགས་པའི་མིས་བསླབ་བྱ་ལ་མི་ཉན།]
Past [བརྒྱགས།, ཡོན་ཏན་གྱིས་བརྒྱགས་ལྟ་བུ།]
རྒྱགས་ (3)
Part of speech བྱ་ཚིག
Definition ཟ་མ་ཟོས་ནས་ལྟོ་བ་འགྲངས་པའི་དོན།
Keyword True
Future [བརྒྱག, ལས་ཀ་བྱེད་སྐབས་ལྟོ་བརྒྱག་ན་བཟང་།]
Present [རྒྱགས།, ལྟོ་རྒྱགས་བྱེད་ཀྱི་ཟས་རིགས།]
Past [བརྒྱགས།, ལྟོ་བརྒྱགས་ནས་གཉིད་ལ་ཤོར་ལྟ་བུ།]
རྒྱགས་ (1)
Part of speech མིང་ཚིག
Definition བརྒྱགས་ཀྱི་འབྲི་ཚུལ་གཞན།
Example རྒྱགས་མང་པོ་མེད་པས་ཟས་ལ་གྲོན་ཆུང་བྱ་དགོས་ལྟ་བུ།