From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱགས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱགས་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པ་ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་མཐོང་ནས་ཡིད་བདེ་བའི་སེམས་བྱུང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། རྒྱགས་པ་ནི་རང་གི་རིགས་དང་གཟུགས་ལ་སོགས་པའི་ཆོས་ལ་ཆགས་པའི་སེམས་ཡོངས་སུ་གཏུགས་ཤིང་ཟད་པར་བྱེད་པའོ། །ལས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
|
| Domain
|
ཆོས་ལུགས།
|
རྒྱགས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ནད་མེད་ཅིང་ལོངས་སྤྱོད་འཛོམས་པ་སོགས་ལ་དམིགས་ནས་དགའ་ཞིང་ཡིད་བདེ་བས་སེམས་ཁེངས་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། རྒྱགས་པ་གང་ཞེ་ན། ནད་མེད་པ་དང་ལང་ཚོ་དར་ལ་བབ་པ་ལ་བརྟེན་ཅིང་། ཚེ་རིང་བའི་མཚན་མ་དང་། ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་མཐོང་ནས་འདོད་ཆགས་ཀྱི་ཆར་གཏོགས་པའི་དགའ་བ་དང་ཡིད་བདེ་བ་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། རྒྱགས་པ་འདིས་ནི་ཉོན་མོངས་པ་ཐམས་ཅད་སྐྱེད་པར་བྱེད་པས་བག་མེད་ཀྱི་རྩ་བའོ། །
|