76758

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱང་ཡག་དགོན་ (1)
Part of speech མིང་ཚིག
Definition མདོ་སྟོད་བར་ཁམས་དབྱི་ཤོད་རི་བོ་ཆེའི་གཡས་རུ་ས་ཆར་གནའ་སྔ་མོ་བོན་དགོན་ཞིག་ཆགས་པའི་ལོ་རྒྱུས་ཡོད། རབ་བྱུང་༩པའི་ནང་རྒྱལ་དབང་དགོན་བརྒྱ་མའི་གྲལ་དུ་གཏོགས་པའི་ནང་བའི་དགོན་པར་གྱུར་ནས་བསྟན་པ་རྒྱས་པའི་བཤད་སྲོལ་འདུག རབ་བྱུང་༡༤པའི་མཇུག་དུ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་དར་བས་གྲུབ་པའི་དབང་ཕྱུག་ཚངས་དབང་རྒྱ་མཚོའི་ཐུགས་སྲས་བླ་མ་ཉི་མས་ས་གཞི་བྱིན་གྱིས་རླབས་ནས་རང་སློབ་ཀུན་བཟང་རྣམ་རྒྱལ་གྱིས་རཏྣའི་ལུགས་ཀྱི་འདུས་པ་སྐོར་བཞི་དང་བླ་མ་སྐུ་གསུམ་སྒྲུབ་པ་བཅས་ཀྱི་སྲོལ་བཏོད་ནས་དགོན་གནས་གསར་བཞེངས་གནང་། རི་སུལ་སྤོང་བ་བསམ་གཏན་པས་གང་བར་བྱས། དུས་འགྱུར་གྱི་སྐབས་དགོན་གནས་མིང་གི་ལྷག་མར་གྱུར། ཆོས་སྒོ་ཕྱེས་པ་ནས་བཟུང་བླ་མ་ཐར་པ་རིན་པོ་ཆེ་དང་། སྐྱ་སེར་རྣམས་ཀྱིས་དགོན་གནས་བསྐྱར་བཞེངས་གནང། རྒྱུན་སྡོད་གྲྭ་བ་བཞི་བཅུ་ཡོད། ཁོང་རྣམས་ཀྱིས་ཚེ་སྒྲུབ་གསང་འདུས། ཐུགས་སྒྲུབ་ཡང་སྙིང་འདུས་པ། རྟ་མགྲིན་གསང་འདུས། སྔགས་གསོ་སྦྱོང་། ཉེར་ལྔ་ཚེས་༡༠སྨྱུང་གནས་འཚོགས་བཞིན་ཡོད། ཆོས་བརྒྱུད་ཀཿཐོག་པ་ཡིན།

{{#arraymap:རྒྱང་ཡག་དགོན་

|; |@@@ | | }}