76771

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན་ (1)
Part of speech བྱ་ཚིག
Definition གོས་རྒྱན་གྱིས་མཛེས་པར་བྱེད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བརྒྱན།, མཛད་སྒོའི་སྐབས་བུ་མོ་ལ་གཡུ་བྱུར་གྱིས་བརྒྱན་དགོས།]
Present [རྒྱན།, ལུས་ལ་རྒྱན་ཆས་རྒྱན་བཞིན་འདུག།]
Past [བརྒྱན།, གར་མཁན་ལ་གོས་ཀྱིས་བརྒྱན་ཟིན།]
Imperative [རྒྱན།, བག་མ་གོས་ཀྱིས་རྒྱན་ཅིག]
རྒྱན་ (1)
Part of speech མིང་ཚིག
Definition མཛེས་པར་བྱེད་པའི་དངོས་པོའི་དོན་ཏེ།
Example ཉི་ཟླ་སྒར་གསུམ་ནམ་མཁའི་རྒྱན། མེ་ཏོག་དཀར་ས་གཞིའི་རྒྱན། མཁས་པའི་ཡོན་ཏན་ཡོད་ན་རིན་ཆེན་གཞན་གྱི་རྒྱན་མི་དགོས་ལྟ་བུ།
རྒྱན་ (2)
Part of speech མིང་ཚིག
Definition སྐུགས་བཞག་ནས་རྒྱལ་ཕམ་རྩོད་སྐབས་ཀྱི་དངུལ་དངོས་ཀྱི་མིང་།
རྒྱན་ (3)
Part of speech མིང་ཚིག
Definition རྒྱན་ཆ་ཞེས་པའི་མིང་མཐའ་བསྡུས་པ།
རྒྱན་ (4)
Part of speech མིང་ཚིག
Definition སྙན་ངག་གི་གཞུང་ལུགས་སུ། སྒྲ་དོན་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་ངག་གི་སྦྱོར་བ་ཁྱད་པར་ཅན་ལ་རྒྱན་ཞེས་བརྗོད་དེ།
Example སྒྲ་རྒྱན། དོན་རྒྱན་ལྟ་བུ།
Domain རྩོམ་རིག
རྒྱན་ (5)
Part of speech མིང་ཚིག
Definition གྲངས་ཀ་དྲུག་སྟེ། ཀླུ་སྒྲུབ་དང༌། ཨརྱ་དེ་བ། ཐོགས་མེད། དབྱིག་གཉེན། ཕྱོགས་གླང༌། ཆོས་གྲགས་ཏེ་རྒྱན་ལ་དྲུག་ཡོད་པས་ནའོ། །
Type མངོན་བརྗོད།