76789

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན་ཐོགས་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི། ཕྱུག་པོའི་བུད་མེད་དེ་དག་སྐྲའི་བྱི་དོར་བྱེད་པ་ན་རྒྱན་རྣམས་རྒྱན་གྱི་སྣོད་སྤྲོག་མ་དག་ཏུ་བཞག་པ་ན། དེ་སྦོམ་དགའ་མོས་བླངས་ཏེ་རྒྱན་དེ་དག་ཐོགས་པ་དང་། འཕགས་མ་ཅི་མཛད། རྒྱན་གྱིས་མཛེས་སམ་བལྟ་མོད། དེ་ལ་མཛེས་སུ་ཅི་ཡོད་ཅེས་ཁ་ཟེར་བར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །དགེ་སློང་མས་ཁྱིམ་པའི་རྒྱན་རིན་པོ་ཆེ་ལས་བྱས་པའི་མགུལ་རྒྱན་དང་གདུབ་བུ་རྒྱན་ཅན་དང་དཔུང་རྒྱན་དང་དོ་ཤལ་དང་སེ་མོ་དོ་དང་མུ་ཏིག་གི་ཆུན་པོ་ལ་སོགས་པ་ཐོགས་ན་ལྟུང་བྱེད་དུ་འགྱུར་ཏེ། ལུང་རྣམ་འབྱེད་ལས་ཐོགས་ན་ཞེས་བྱ་བ་ལ་ནི་བརྒྱན་པར་བྱེད་ནའོ་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཁྱིམ་པའི་རྒྱན་ཐོགས་པ་སྟེ། འཆོས་པ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།