76793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན་དུ་འགྱུར་བའི་ཆོས་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱམས་པའི་རྗེས་སུ་འཇུག་པའི་སེམས་བསྐྱེད་པ། སེམས་ཅན་ཐམས་ཅད་ལ་རྣམ་པར་མི་འཚེ་བར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་ལ་གནས་པ། བསམ་པའི་སྦྱོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དགའ་བར་གནས་པ། སྦྱིན་པ་ཐམས་ཅད་ཡོངས་སུ་གཏོང་བ། རྣམ་པ་སྣ་ཚོགས་ཀྱི་རྒྱན་གྱི་སྨོན་ལམ་ལ་བརྩོན་འགྲུས་བརྟན་པ། དགེ་བའི་རྩ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དྲན་པ། ཤེས་བཞིན་དུ་གནས་པ། སྔོན་གྱི་དགེ་བ་ཆུད་མི་ཟ་བའི་ཕྱིར་དང༌། ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་དང་ལྡན་ཞིང་ཆོས་འདོད་པ། ཕན་པའི་དངོས་པོས་སེམས་ཅན་ཐམས་ཅད་ལ་ཡོན་ཏན་ཐམས་ཅད་བསྐྱེད་པ། གཉིས་སུ་མེད་པས་གོང་དུ་ཁྱབ་པར་རྟོགས་པ། སངས་རྒྱས་ཀྱི་ཐུགས་སུ་ཆུད་པ་ལ་ཡང་དག་པར་གཞོལ་བས་སངས་རྒྱས་རྗེས་སུ་དྲན་པ་ཐོབ་པའོ། །
Domain ཆོས་ལུགས།