76812

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན་རྣམ་པར་ཕྱེ་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཉེར་གཉིས་ལས་བྱུང་བ་བྱང་ཆུབ་སེམས་དཔའི་རྣམ་པར་ཕྱེ་བ་བཅུ་སྟེ། འདི་ལྟར་ལུས་ཀྱི་རྒྱན་སེམས་ཅན་འདུལ་བ་ཇི་བཞིན་དུ་ཡང་དག་པར་སྟོན་པ། ངག་གི་རྒྱན་ཐེ་ཚོམ་ཐམས་ཅད་གཅོད་པ། སེམས་ཀྱི་རྒྱན་སྐད་ཅིག་གཅིག་གིས་ཏིང་ངེ་འཛིན་རྗེས་སུ་རྟོགས་པར་བྱེད་པ། སངས་རྒྱས་ཀྱི་ཞིང་གི་རྒྱན་ཀུན་ནས་ཉོན་མོངས་པ་མེད་པ། འོད་ཀྱི་རྒྱན་འོད་ཟེར་གྱི་དྲ་བ་མཐའ་དང་དབུས་མེད་པ་བཀྱེ་བས་འགྲོ་བ་ཐམས་ཅད་སྣང་བར་བྱེད་པ། འཁོར་གྱི་དཀྱིལ་འཁོར་གྱི་རྒྱན་སེམས་ཅན་གྱི་རྣམ་པ་ཚད་མེད་པའི་ཚོགས་ཡོངས་སུ་མགུ་བར་བྱེད་པ། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་རྒྱན་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ། བསྟན་པའི་རྒྱན་མཁས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ། མྱ་ངན་ལས་འདས་པའི་རྒྱན་མངོན་པར་སངས་རྒྱས་པ་གཅིག་གིས་ཕྱོགས་བཅུ་མ་ལུས་པར་རྒྱས་པར་འགེངས་པ། ཆོས་བྱིན་གྱིས་བརླབ་པའི་རྒྱན་ཡུལ་དང༌། དུས་དང༌། སྣོད་ཇི་ལྟ་བ་བཞིན་དུ་སྟོན་པ་དག་གོ །
Domain ཆོས་ལུགས།