76813
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་སྤྱི་སྤུངས་བསྙེན་བསྒྲུབ་སོགས་ཀྱི་གཞུང་བསྲང་སྐབས་སུ་དགོས་པའི་ཡི་དམ་ལྷ་ཡི་སྒྲུབ་བུམ་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། རིན་ཆེན་ལྔ་བ་སོགས་རྫས་(ཀྱི་)བུམ་པ་ལ། རྒྱན་དང་རྫས་ཀྱིས་འཚོགས་པར་བརྒྱན། ཕྱི་མཛེས་ནང་རྣམས་བཅུད་ཀྱིས་གང་། རྒྱན་ལྡན་རྫས་ཀྱིས་བུམ་པའོ། །ཞེས་པས། དེ་ཡང་རྒྱུ་རིན་ཆེན་ཤེལ་དང་གསེར་སོགས་ལས་གྲུབ་པའི་བུམ་པ་ཕྱི་མཛེས་ཤིང་ཡིད་དུ་འོང་བ་ནང་དུ་བཅུད་རིན་ཆེན་ལྔ་སོགས་བུམ་རྫས་ཉེར་ལྔ་ཀུན་ཚོགས་ཤིང་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་དང་ལྡན་པ་དེ་ལ་བྱའོ། ། |
| Domain | ཆོས་ལུགས། |