76917
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། རི་རབ་འདི་ལ་ཆུ་མཚམས་ཡན་གྱི་ཕྱེད་མན་ཆད་ལ་བང་རིམ་བཞི་ཡོད་ཅིང་། བང་རིམ་རྣམས་ཀྱི་བར་གྱི་ཐག་ནི་དཔག་ཚད་སྟོང་ཕྲག་བཅུ་བཅུ་ཡོད་པ་མཉམ་པ་དང་། བང་རིམ་བཞི་ཀར་ཡང་རིམ་པ་བཞིན་དུ་འོག་མ་རི་རབ་ལས་དཔག་ཚད་སྟོང་ཕྲག་བཅུ་དྲུག དེའི་གོང་མ་བརྒྱད། དེའི་གོང་མ་བཞི། དེའི་གོང་མ་གཉིས་ཕྱིར་ལ་འཕགས་སོ། །དེ་ཡང་བང་རིམ་བཞི་ལ་འོག་ནས་རིམ་པ་བཞིན་དུ་གནོད་སྦྱིན་ལག་ན་རིན་པོ་ཆེའི་གཞོང་པ་ཐོགས་པ་དང་། མེ་ཏོག་གི་ཕྲེང་བ་ཐོགས་པ་དང་། རྒུན་ཆང་གིས་རྟག་ཏུ་མྱོས་པའི་རྟག་མྱོས་དང་། སྟེང་མ་ལ་རྒྱལ་ཆེན་བཞི་པོ་དེ་དག་རང་རང་གི་འཁོར་དང་བཅས་པ་གནས་ཏེ། དེ་ཡང་བང་རིམ་སྟེང་མའི་ཤར་གྱི་སྟེང་ན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་འཁོར་སྲུང་། ལྷོ་ན་འཕགས་སྐྱེས་པོའི་ཕོ་བྲང་འཁོར་འཕགས་པར་སྐྱེས། ནུབ་ན་མིག་མི་བཟང་གི་ཕོ་བྲང་སྣ་ཚོགས་གཟུགས། བྱང་ན་རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་ཡོད་ཅིང་། གཉའ་ཤིང་འཛིན་སོགས་རི་བདུན་ལ་ཡང་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་གནས་པའི་ཕྱིར། དེའི་ཚིག་ཟུར་གྱི་ཡང་གི་སྒྲས་ཁོར་ཡུག་གི་རི་ལ་གནོད་སྦྱིན་གོས་སྔོན་ཅན་རྣམས་གནས་པ་བསྟན་ཏོ། །རྒྱལ་ཆེན་བཞིའི་ཕོ་བྲང་རྣམས་ཆུ་ཞེང་དུ་དཔག་ཚད་གཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་སྟོང་ཡོད་པ། ལྟ་ན་སྡུག་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་ནོ། །དེས་ན་ཉི་ཟླ་སྐར་གསུམ། རི་རབ་ཀྱི་བང་རིམ་ལྗོན་ཤིང་དང་ཆུ་དང་སུམ་མདོ་དང་བཞི་མདོ་དང་སྒོ་ཁང་གི་ལྷ་ལ་སོགས་པ་ཡང་རྒྱལ་ཆེན་རིགས་བཞིའི་སྡེར་གཏོགས་སུ་བཤད་པས་ལྷའི་རིགས་གཞན་ལས་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་མང་བར་བཤད་པས་སོ། ། |
| Domain | ཆོས་ལུགས། |