76923
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱལ་ཏིག་དཔོན་སློབ་ངག་དབང་ཆོས་ལྡན་རྒྱ་མཚོའམ་དཀོན་མཆོག་ཡར་འཕེལ་ཏེ། གཞོན་དུས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཀུན་མཁྱེན་འཇིགས་མེད་དབང་པོ་དང་། བཀའ་འགྱུར་བ་འཇིགས་མེད་རབ་རྒྱས་སོགས་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་མང་དུ་གསན། རྗེས་ནས་མཆོད་རྟེན་ཐང་གི་ཁྲིར་བཞུགས། འཆད་ཉན་དམར་ཞིང་། དགེ་བཤེས་རྣམས་ལ་འཕྲོས་པ་དོགས་སློང་གིས་དུས་འདའ་བར་མཛད་པས་སྐྱེད་ཐོན། སྒྲིག་ཁྲིམས་དམ། རྒྱུན་དུ་འདོད་ཆུང་ཆོག་ཤེས་ཀྱིས་སྒྲུབ་པ་ཉམས་ལེན་ལ་གཞོལ། འཇུ་ལག་ཆུ་འགྲམ་འདའ་རྒན་པའི་སྒྲུབ་གནས་ཕུག་རིས་རི་ཁྲོད་དུ་བཞུགས། འབྱུང་འགྱུར་མངོན་སུམ་དུ་གཟིགས་པས་གང་གསུངས་བསླུ་བ་མེད་པ་སོགས་ཉམས་རྟོགས་ཀློང་དུ་གྱུར། ཟབ་ལུང་རི་ཁྲོད་བཏབ། གསུང་ཆོས། དགེ་ལྡན་ལེགས་བཤད་ཀྱི་འགྲེལ་པ། འཇིགས་བྱེད་བསྐྱེད་རིམ་རྩོམ་འཕྲོ། མགུར་ཚན་ཐོར་བུ་བཅས་ཡོད། དགུང་ལོ་དོན་གྲངས་བཞུགས། |