76924
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་གཉིས་པའི་སྟོད་དུ་ཡབ་རྒྱ་པོ་ལྡེ་སྤྲིན་བཙན་དང་། ཡུམ་གཉན་བཙུན་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། ཞང་ཞུང་ཏ་ར་ལ་ཧ་རིས་སྐུ་བོན་མཛད། གསས་ཁང་ཡང་བཞེས། བློན་པོ་ཐོན་མི་འབྲིང་པོ་རྒྱལ། གནུབས་སྨན་ད་རེ། སྟོང་དར་རྗེ་རྣམས་ཀྱིས་བྱས་པར་བཤད། བཙུན་མོ་འོ་མ་ལྡེ་བཟའ་ཁྲི་བཙུན་བྱང་མ་ཁབ་ཏུ་བཞེས། རིགས་སྲས་ཁྲི་བཙན་ནམ་འཁྲུངས། བང་སོ་གངས་དཀར་རྩེ་ལ་བཏབ། འོག་གི་བཙན་ལྔའི་བཙན་དང་པོ་ཡིན། མཚན་གཞན། རྒྱལ་ལྡེ་རེ་ལོང་བཙན། |