76931
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དཔོན་གསས་གང་གི་རྒྱལ་ཚབ་བམ་རྒྱུད་འཛིན་གདུང་སོབ་ཀྱི་དབང་ཐོབ་པའི་བརྡ་རྟགས་ཏེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། རྒྱལ་ཐེེབས་གདུང་སོབ་དབང་ཐོབ་ལ། །རིན་ཆེན་གསེར་གྱི་ཟ་མ་ཏོག ། མཛེས་པའི་བཅུད་སྣོད་རྟགས་སུ་སྦྱིན། །ཞེས་པས། གདུང་སོབ་ཀྱི་དབང་ཐོབ་པའི་བརྡ་རྟགས་ལ་གསེར་ལས་གྲུབ་པའི་མཛེས་ལྡན་གྱི་སྣོད་ཟ་མ་ཏོག་སྦྱིན་དགོས་པར་བཤད་དོ། །དེས་ཀྱང་བསྟན་འགྲོའི་དོན་མཛད་རྒྱུད་འཛིན་གདུང་སོབ་ཀྱི་དབང་ཐོབ་པའི་བརྡ་རུ་མཚོན་པར་མ་ཟད། གཞན་ཡང་གདུང་སོབ་དེ་ལ་འཁོར་སློབ་རྣམས་གདམས་ངག་གི་སྣོད་དང་ལྡན་པ་ཡོང་བར་མཚོན་པ་ཡིན་ནོ། ། |
| Domain | ཆོས་ལུགས། |