76936

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་མགོར་སྐུ་འཁྲུངས། གཞོན་དུས་ནས་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས། རྒྱལ་བ་སྐུ་ཕྲེང་བཅུ་པ་དང་། བཅུ་གཅིག་པ་གཉིས་ཀྱི་མཚན་ཞབས་ཀྱི་འགན་ཁུར། གསུང་རྩོམ་ནི་འཇམ་མགོན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་དང་། རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ། རྒྱལ་མ་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ངོ་མཚར་ལྷ་ཡི་རོལ་མོ་དབྱངས་ཅན་རྒྱུད་དུ་སྙན་པའི་ཏ་སྤུ་ར། ཆོས་མངོན་པ་མཛོད་ཀྱི་དགོངས་དོན་གསལ་བར་བྱེད་པའི་ལེགས་བཤད་ཉིན་བྱེད་དབང་པོའི་སྣང་བ། འཇམ་དབྱངས་རྣམ་འཕྲུལ་བ་སོ་སྐུ་ཕྲེང་གོང་མ་རྣམས་ཀྱི་སྐྱེས་རབས་རྣམ་ཐར་ངོ་མཚར་ནོར་བུའི་འཁྲི་ཤིང་བཅས་པོད་བཞི་བཞུགས། མཚན་གཞན། འབྲུག་རྒྱལ་དབང་ཆོས་རྗེ།