76956
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། རྒྱལ་པོ་ཆེན་པོ་བཞི་ནི་ཤར་ཕྱོགས་ཀྱི་དབུས་དྲང་པོར་ཡུལ་འཁོར་སྲུང་ལྗང་གུ་པི་ཝང་བསྒྲེང་བ་ལ་བརྩོན་པ་དྲི་ཟའི་འཁོར་དུ་དུ་མས་བསྐོར་བ། ལྷོའི་དབུས་དྲང་པོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་མིག་མི་བཟང་དམར་སྐྱ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན་མིག་དམར་ཞིང་འབུར་བ་རྡོ་རྗེའི་ཞགས་པ་འཛིན་པ། བྱང་དུ་སེངྒེའི་གདན་ལ་རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ། ཐམས་ཅད་ཀྱང་ལྷའི་ན་བཟའ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་གཟི་བརྗིད་དང་ལྡན་པ་རང་རང་གི་འཁོར་དུ་མས་བསྐོར་བའོ། །དེ་རྣམས་སངས་རྒྱས་ཉིད་འཇིག་རྟེན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་དང་དེའི་རྣམ་པར་སྤྲུལ་ནས་གདུལ་བ་སོ་སོའི་དོན་མཛད་པའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |