76960

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོ་ཆེན་པོ་བཞིའི་ཕྱག་རྒྱ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཆེན་པོ་ལས་བྱུང་བ་སྟེ། ༡ ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེ་བོང་གཉིས་བསྒྲེང་བར་བགྱིས་ཏེ། རྣམ་ཐོས་ཀྱི་བུ་བདག་ཉིད་ཆེན་པོ་ཅན་གྱི་དབྱིག་ཏོའི་ཕྱག་རྒྱའོ། ། ༢ ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་མཐེ་བོང་གཉིས་ཀྱི་སྟེང་དུ་གཞག་པ་ནི་འཕགས་སྐྱེས་པོའི་བེ་ཅོན་གྱི་ཕྱག་རྒྱའོ། །༣ བེ་ཅོན་གྱི་ཕྱག་རྒྱ་ལས་མཐེ་ཆུང་གཉིས་ཞགས་པའི་ཚུལ་དུ་བགྱིས་པ་ནི་ཡུལ་འཁོར་སྲུང་གི་ཞགས་པའི་ཕྱག་རྒྱའོ། །༤ ཞགས་པའི་ཕྱག་རྒྱ་ལས་མཐེ་བོང་གཉིས་ནང་དུ་བཀུག་ལ་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་མིག་མི་བཟང་གི་རྡོ་རྗེའི་ཕྱག་རྒྱའོ། །
Domain ཆོས་ལུགས།