From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱལ་པོ་ཆེན་པོ་ལྟ་བུའི་སེམས་བསྐྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མངོན་པར་ཤེས་པ་ལྔ་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། རྒྱལ་པོ་ཆེན་པོ་ལྟ་བུ་ཡིན་ཏེ། རྟོན་པ་བཞིས་མཐུ་ཐོགས་པ་མེད་པའི་སྒོ་ནས་གཞན་དོན་སྒྲུབ་པའི་ཕྱིར། འདི་རྟོན་པ་བཞི་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །
|
| Domain
|
ཆོས་ལུགས།
|
རྒྱལ་པོ་ཆེན་པོ་ལྟ་བུའི་སེམས་བསྐྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མངོན་པར་ཤེས་པ་དྲུག་དང་ལྡན་པ་ནི། རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། མངོན་ཤེས་ཀྱི་སྒོ་ནས་གཞན་དོན་བྱེད་པའི་མཐུ་ཐོགས་པ་མེད་པར་ཐོབ་པས་གཞན་གྱི་དོན་སྒྲུབ་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །
|