From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གདོས་བུ་ (1)
| Part of speech
|
མིང་ཚིག
|
| Definition
|
སྣོད་ཆུང་ངུ་ནང་དུ་ཆུ་ཡིས་བཀང་བ་ཞིག་གི་མིང་སྟེ།
|
| Example
|
ཡི་གེའི་མཐའ་དཔྱོད་ལས། གདོས་བུ་ཞེས་པ་སྣོད་ཆུང་ངུ༌། །ཆུ་ཡིས་བཀང་བ་ཞིག་གི་མིང༌། །ཞེས་འབྱུང་བ་ལྟ་བུ།
|
གདོས་བུ་ (2)
| Part of speech
|
མིང་ཚིག
|
| Definition
|
གྲུའི་རླུང་གཡོར་གྱི་མིང་།
|
གདོས་བུ་ (3)
| Part of speech
|
མིང་ཚིག
|
| Definition
|
གདོས་བུ་ནི་བྱང་བུའི་རྣམ་པ་ཅན་དུ་ཤིང་གཞོགས་པ་མཐོ་གང་གི་ཚད་དུ་བྱས་པ་དེ། སྐུད་པས་རྣ་བ་ལ་དཔྱངས་པའམ་མགོའི་སྟེང་དུ་བཞག་ན་རབ་ཏུ་གཉིད་ཡུར་ཏེ་གཡོ་བའི་ཚེ། དེ་ཡན་ལག་གི་ཕྱོགས་ལ་ཕོག་པས་གཉིད་སངས་པའི་ཐབས་ཡིན་ནོ་ཞེས་ཕྲན་ཚེགས་འགྲེལ་པ་ལས་བྱུང་།
|
| Domain
|
ཆོས་ལུགས།
|