76980

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོ་པྲ་མ་ཏ་ (1)
Part of speech མིང་ཚིག
Definition རྙིང་མ། གསང་སྔགས་ཀྱི་ལྟ་སྤྱོད་གོལ་བའི་རྣལ་འབྱོར་པ་ཞིག སྔོན་འདས་པའི་བསྐལ་པ་ཀུན་བཀོད་ཅེས་བྱ་བར་ཆོས་སྐྱོང་བའི་རྒྱལ་པོའི་རིགས་སུ་རྣལ་འབྱོར་པ་པྲ་མ་ཏ་ཞེས་བྱ་བ་འདི་ཉིད། གསང་དོན་མ་རྟོགས་ཤིང་ཐབས་ལམ་མ་མཐོང་བཞིན་བདག་ནི་གསང་བའི་ལམ་མཁན་ཁོ་ནའོ་ཞེས་ཀུན་ལ་རྒྱ་ཆེར་བསྒྲགས་ཤིང་གྲགས་པར་གྱུར་ནས། རྒྱལ་བའི་བཀའ་བརྐུས་ནས་འགྲོ་བ་བསླུས་པར་གྱུར་པའི་ལས་ཀྱི་རྣམ་སྨིན་ངན་འགྲོར་ལྟུང། དེ་ལས་ཐར་ནས་སླར་ལྟ་ལོག་གི་འཇིག་རྟེན་བདག་འཛིན་ལ་སྤྱོད་པའི་མུ་སྟེགས་ཀྱི་ཁམས་སུ་ལྟུང་བའི་སྐོར། མདོ་དགོངས་པ་འདུས་པར་བཀའ་ལ་ཐེ་ཚོམ་དང་རྐུན་བུ་བྱས་ནས་ལྟུང་བའི་གཏམ་རྒྱུད་དུ་བྱུང་བ་ལྟར་རོ། །
Domain ཆོས་ལུགས།