76981
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། རྒྱལ་པོ་བཀའ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བརྒྱ་དང་དྲུག་པ་ཡིན། བརྗོད་བྱ་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གདམས་ངག་སྐུ་ཁྲིད་བསྐྱེད་རིམ། དང་འབྲེལ་བ། གསུང་ཁྲིད་བཟླས་པ་དང་འབྲེལ་བ། ཐུགས་ཁྲིད་འོད་གསལ་དང་འབྲེལ་བ་སོགས་དགེ་སྒྲུབ་སྡིག་སྤོངས་ཀྱི་རྣམ་པར་བཞག་པ་ཉམས་སུ་ལེན་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཆོས་སྐུ་མཐའ་ཡས་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་སྲོང་བཙན་སྒམ་པོ་པདྨ་འབྱུང་། །ཁྲི་སྲོང་ལྡེའུ་བཙན་གྲུབ་ཐོབ་དངོས་གྲུབ་ཞབས། །མངའ་བདག་ཉང་རལ་མི་བསྐྱོད་རྡོ་རྗེ་དང་། །ཤཱཀྱ་བཟང་པོ་ལྷ་རྗེ་དགེ་བ་འབུམ། །ལྕམ་མོ་ཡེ་ཤེས་མཆོག་དང་ཆུ་སྒོམ་པ། །མཐའ་བཞི་བྱ་བྲལ་ཚུལ་ཆེན་བསོད་ནམས་སེང་། །བཀྲ་ཤིས་རྒྱལ་མཚན་ཆུ་རག་བློ་གྲོས་རྒྱལ། །འཕགས་མཆོག་ནོར་བཟང་ཧོར་གྱི་བཀའ་བཞི་པ། །དཔལ་ལེགས་པ་དང་བཀའ་བཅུ་བྱང་ཆུབ་དཔལ། །བློ་གྲོས་རིན་ཆེན་ཡིག་དྲུག་ཤེས་རབ་དཔལ། །ཞེས་སོགས་དང་། རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཞེས་པ་ནས། འཇིགས་མེད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་བར་ནི་སྦྱན་རས་གཟིགས་ཀྱི་ཁྲིད་ལྟར་ཡིན་ལ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ལྷ་རྗེ་དགེ་བ་འབུམ་གྱི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |