76983
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ཀྱི་བསྙེན་བསྒྲུབ་སོགས་ཀྱི་ཕྲིན་ལས་སྒྲུབ་ཐབས་ཀྱི་ཆོ་ག་ལ་འཇུག་སྐབས་སྒྲུབ་ཁང་ངམ་དཀྱིལ་འཁོར་ཕྱི་ནང་གི་བར་ཆོད་སྲུང་བའི་རྒྱལ་པོ་ཆེན་པོ་བཞི་ལ་ཟེར། དེ་ཡང་ཕྱི་ནང་གསང་གསུམ་དུ་དབྱེ་རུ་ཡོད་དེ། ཕྱི་རྒྱུད་ཀྱི་དབང་དུ་བྱས་པའི་རྒྱལ་པོ་ཆེན་པོ་བཞི་ནི། ཡུལ་འཁོར་སྲུང་། གནམ་ཐོས་སྲས། སྤྱན་མི་བཟང་། འཕགས་སྐྱེས་པོ་དང་བཞི་རུ་བཤད་དོ། །ནང་རྒྱུད་ཀྱི་རྒྱལ་པོ་བཞི་ནི། ཤེལ་དཀར་འོད། ནམ་མཁའ་སྣང་། འོད་དཀར་འཛིན། བོན་གྱི་བདག་༼འཕགས་༽དང་བཞིའོ། །གསང་རྒྱུད་ཀྱི་རྒྱལ་ཆེན་བཞི་ནི། མི་དཀར་སེང་གེའི་མགོ་བོ་ཅན། མི་དམར་ཕག་རྒོད་མགོ་བོ་ཅན། མི་སྔོན་འབྲུག་གི་མགོ་བོ་ཅན། མི་ནག་དོམ་གྱི་མགོ་བོ་ཅན་དེ་དག་བཤད་དོ། ། |
| Domain | ཆོས་ལུགས། |