77005

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོ་ཟས་གཙང་མའི་སྐྱེད་མོས་ཚལ་དུ་བྱུང་བའི་སྔ་ལྟས་སུམ་ཅུ་སོ་གཉིས་ (1)
Part of speech མིང་ཚིག
Definition མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། ༡ མེ་ཏོག་ཐམས་ཅད་ཁ་འབུས་ནས་རྒྱས་པར་གྱུར་པ། ༢ རྫིང་དག་ན་མེ་ཏོག་ཨུཏྤ་ལ་དང༌། པདྨ་དང༌། ཀུ་མུ་ད་དང༌། པད་མ་དཀར་པོ་ཡོད་པ་དག་ཀྱང་ཁ་འབུས་ནས་རྒྱས་པར་གྱུར་པ། ༣ མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་གསར་པ་དག་ཀྱང་ས་ལས་ཐོན་ཏེ་ཁ་འབུས་ནས་རྒྱས་པར་གྱུར་པ། ༤ རིན་པོ་ཆེའི་ཤིང་ལྗོན་པ་བརྒྱད་བྱུང་བ། ༥ གཏེར་ཆེན་པོ་ཉི་ཁྲི་འབུས་ཏེ་བྱུང་ནས་གནས་པར་སྣང་བ། ༦ ཁྱིམ་གྱི་ནང་དུའང་རིན་པོ་ཆེའི་མྱུ་གུ་ཐོན་པ། ༧ སྤོས་ཆུའི་དཔལ་གྱི་ཝ་འབྲུ་མར་དྲི་ཞིམ་པོས་སྦགས་པ་རྣམས་ཀྱང་ཟག་པར་གྱུར་པ། ༨ གངས་ཀྱི་རིའི་ངོས་ལས་སེང་གེའི་ཕྲུག་གུ་དག་འོངས་ཏེ་དགའ་བར་རྩེ་ཞིང་སེར་སྐྱའི་གྲོང་ཁྱེར་དམ་པ་ལ་བསྐོར་བ་བྱས་ནས་སྒོ་ན་གནས་པར་གྱུར་ཀྱང་སེམས་ཅན་ཀུན་ལའང་འཚེ་བ་མེད་པར་གྱུར་པ། ༩ གླང་པོའི་ཕྲུག་གུ་ཐལ་ཀར་ལྔ་བརྒྱ་ལྷགས་ཏེ་རྒྱལ་པོ་ཟས་གཙང་མའི་རྐང་པ་ལ་སྣའི་རྩེ་མོས་ཉུག་ཅིང་གནས་པར་གྱུར་པ། ༡༠ ལྷའི་བྱིས་པ་རོགས་པ་སྐ་རགས་བཅིངས་པ་དག་ཀྱང་རྒྱལ་པོ་ཟས་གཙང་མའི་བཙུན་མོའི་འཁོར་གྱི་པང་པ་ནས་པང་པ་དག་ཏུ་འགྲེ་ལྡོག་པར་སྣང་བར་གྱུར་པ། ༡༡ ཀླུའི་བུ་མོ་མཆོད་པ་སྣ་ཚོགས་ཀྱི་ཡོ་བྱད་ཐོགས་པ་དག་ཀྱང་ལུས་ཕྱེད་ཕྱུང་ཞིང་ནམ་མཁའ་ལ་རྒྱུ་བར་སྣང་བ་དང༌། ༡༢ ལྷའི་བུ་མོ་ཁྲིའང་རྨ་བྱའི་མདོངས་ལག་ན་ཐོགས་ཤིང་ནམ་མཁའ་ལ་འཁོད་པར་སྣང་བ། ༡༣ བུམ་པ་གང་བ་ཁྲིའང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱེད་པར་སྣང་བ། ༡༤ ལྷའི་བུ་མོ་ཁྲིའང་སྤོས་ཆུའི་རིལ་བ་བྷིང་ག་ར་ཀླད་ལ་ཐོགས་ཤིང་འཁོད་པར་སྣང་བ། ༡༥ ལྷའི་བུ་མོ་ཁྲིའང་གདུགས་དང༌། རྒྱལ་མཚན་དང༌། བ་དན་ཐོགས་ཤིང་འཁོད་པར་སྣང་བ། ༡༦ ལྷའི་བུ་མོ་བརྒྱ་སྟོང་མང་པོ་དག་ཀྱང་དུང་དང༌། རྔ་དང༌། རྫ་རྔ་དང༌། འཁར་རྔ་མགུལ་ནས་དཔྱངས་ཏེ་སྡོད་ཅིང་འཁོད་པར་སྣང་བ། ༡༧ རླུང་ཐམས་ཅད་ཀྱང་མི་ལྡང་བར་གནས་པར་གྱུར་པ། ༡༨ ཆུ་ཀླུང་དང་ཆུ་བྲན་ཐམས་ཅད་ཀྱང་མི་འགུལ་ཞིང་མི་འབབ་པར་གྱུར་པ། ༡༠ ཉི་ཟླ་དང༌། གཞལ་མེད་ཁང་དང༌། རྒྱུ་སྐར་དང༌། སྐར་མའི་ཚོགས་རྣམས་ཀྱང་མི་རྒྱུ་བར་གྱུར༌པ། ༢༠ སྐར་མ་རྒྱལ་དང་ཡང་ལྡན་པར་གྱུར་པ། ༢༡ རྒྱལ་པོ་ཟས་གཙང་མའི་ཁྱིམ་ཡང་རིན་པོ་ཆེའི་དྲ་བས་གཡོག་པར་གྱུར་པ། ༢༢ མེའང་མི་འབར་བར་གྱུར་པ། ༢༣ ཁང་པ་བརྩེགས་པ་དང༌། ཁང་བཟང་དང༌། ཡང་ཐོག་དང༌། རྟ་བབས་དག་ལའང་ནོར་བུ་དང༌། རིན་པོ་ཆེ་དག་འཕྱང་བར་སྣང་བར་གྱུར་པ། ༢༤ རས་བཅོས་བུའི་མཛོད་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་མཛོད་རྣམས་ཀྱང་སྒོ་བྱེ་བར་སྣང་བ། ༢༥ བྱ་རོག་དང༌། འུག་པ་དང༌། བྱ་རྒོད་དང༌། སྤྱང་ཀི་དང༌། ཝའི་སྒྲ་དག་ཀྱང་མེད་པར་གྱུར་པ། ༢༦ སྒྲ་སྐད་སྙན་པའི་སྒྲ་དག་ཀྱང་བྱུང་བར་གྱུར་པ། ༢༧ སྐྱེ་བོ་ཐམས་ཅད་ཀྱི་ལས་ཀྱི་མཐའ་ཡང་རྒྱུན་ཆད་པར་གྱུར་པ། ༢༨ སའི་ཕྱོགས་མཐོ་དམན་དུ་འདུག་པ་རྣམས་ཀྱང་མཉམ་པར་གནས་པར་གྱུར་པ། ༢༩ ལམ་གྱི་བཞི་མདོ་དང༌། སུམ་མདོ་དང༌། སྲང་དང༌། ཚོང་འདུས་ཀྱི་འཁོར་ཀྱང་ལག་མཐིལ་ལྟར་མཉམ་ཞིང་འཇམ་ལ་མེ་ཏོག་སིལ་མས་གང་སྟེ་མཛེས་པར་སྣང་བ། ༣༠ སྦྲུམ་པ་ཐམས་ཅད་ཀྱང་བདེ་བ། ༣༡ ལེགས་པར་བཙའ་བར་གྱུར་པ། ༣༢ ཤིང་སཱ་ལའི་ནགས་ཚལ་གྱི་ལྷ་ཐམས་ཅད་ཀྱང་ཤིང་གི་ལོ་མའི་ནང་ནས་ལུས་ཕྱེད་ཕྱུང་སྟེ་ཕྱག་འཚལ་ཞིང་གནས་པར་སྣང་སྟེ། སྔ་ལྟས་སུམ་ཅུ་རྩ་གཉིས་པོ་དེ་དག་བྱུང་བར་གྱུར་ཏོ། །
Domain ཆོས་ལུགས།

{{#arraymap:རྒྱལ་པོ་ཟས་གཙང་མའི་སྐྱེད་མོས་ཚལ་དུ་བྱུང་བའི་སྔ་ལྟས་སུམ་ཅུ་སོ་གཉིས་

|; |@@@ | | }}