77015
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསང་སྔགས་ལ་སྤྱོད་པའི་རྣལ་འབྱོར་པ་ཞིག སྔོན་འདས་པའི་བསྐལ་པ་ཀུན་བཀོད་ཅེས་བྱ་བར་རྒྱལ་པོ་རབ་གསལ་འཛིན་པ་ཞེས་བྱ་བའི་རྣལ་འབྱོར་བ་ཞིག་བྱུང་ནས། གསང་བའི་ལུང་གི་རྗེས་སུ་ཞུགས་ཏེ་ཚུལ་ཙམ་དུ་སྤྱོད་ཀྱང༌། གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་ལྟ༷་བའི་མིག་མེད་པར་སྔགས་ཀྱི་རྣལ་འབྱོར་པའི་མིང་ཙམ་གྱི་ཚུལ་བཟུང་ནས་སྒྲ་ཐོས་པ་ཙམ་གྱི་ཚུལ་དུ་གཞུང་གི་རྗེས་སུ་སྤྱོད་པ་བྱས་པས། གཏི་མུག་མུན་པའི་ཁམས་ཀྱི་འགྲོ་བའི་གནས་སུ་ལྷུང་བར་གྱུར་པའི་སྐོར། མདོ་དགོངས་པ་འདུས་པར་གསང་སྔགས་ཀྱི་གདེང་མེད་པར་སྤྱི་ཡུད་ཙམ་ལ་ལྟོས་པས་ལྟུང་བའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། ། |