From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་ཤེས་ཀྱི་སྟོབས་ཀྱིས་མཐུ་དང་ནུས་པ་ལ་བརྟེན་ནས་གཞན་དོན་སྒྲུབ་པར་བྱེད་པའི་སེམས་བསྐྱེད་ཅིག་ལ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཅེས་འཇོག ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། མངོན་པར་ཤེས་པ་དང་ལྡན་པ་ནི་རྒྱལ་པོ་ཆེན་པོ་ལྟ་བུ་ཡིན་ཏེ། མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་དག་པ་ས་གསུམ་ན་ཡོད་པར་འདོད་དོ། །
|
| Domain
|
ཆོས་ལུགས།
|
རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། རང་ཉིད་སངས་རྒྱས་སུ་གྲུབ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སེམས་བསྐྱེད།
|
| Example
|
བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྔོན་གྱི་སེམས་བསྐྱེད་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
|