77051

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོའི་ཆོས་སུམ་ཅུ་རྩ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ འདིའི་རང་གི་སྐྱེ་བོ་གཙང་བར་གྱུར་པ། ༢ དཔྱ་རྣམས་ངེས་པར་བྱས་ནས་ཟ་བར་བྱེད་པ། ༣ བཟོད་པ་དང་ལྡན་པ། ༤ ལུགས་ལས་ཕྱོགས་འཛིན་མེད་པ། ༥ བླ་མ་མཆོད་པར་བྱེད་པ། ༦ སྔར་ཉིད་སྟེར་བར་བྱེད་པ། ༧ སྔར་བྱིན་པར་གྱུར་ནས་ཕྱིས་ནས་སྟེར་བར་བྱེད་པ། ༨ ཆོས་ལ་ཡིན་པ་འཛིན་པར་མི་བྱེད་པ། ༩ སྡིག་པའི་གྲོགས་པོ་དང་སྟེན་པར་བྱེད་པ་མ་ཡིན་པ། ༡༠ བུད་མེད་ཀྱི་དབང་དུ་འགྲོ་བ་མ་ཡིན་པ། ༡༡ ཐམས་ཅད་ཀྱི་ཚིག་ལ་དད་པར་བྱེད་པ་མ་ཡིན་པ། ༡༢ སྙན་པར་གྲགས་པ་ལ་འདོད་པ་སྐྱེད་པ་ཡིན་གྱི་ནོར་ལ་འདོད་པ་ཅན་མ་ཡིན་པ། ༡༣ ལོག་པར་ལྟ་བ་དང་ལྡན་པ་མ་ཡིན་པ། ༡༤ གཏོང་བ་ཅན་ཡིན་པ། ༡༥ མཐུན་པར་བྱེད་པ་དང་ངག་སྙན་པར་གྱུར་པ། ༡༦ བདེན་པར་སྨྲ་བ། ༡༧ ནོར་གཞིས་རྣམས་འཕེལ་བ་དང་འགྲིབ་པར་གློ་བུར་དུ་མི་བྱེད་པ། ༡༨ མིའི་ཁྱད་པར་ཤེས་པ། ༡༩ དུས་ངེས་པར་ལེགས་པར་སྟོན་པར་བྱེད་པ་པོ་ཡིན་པ། ༢༠ གཉིད་ཆེ་བ་མ་ཡིན་པ། ༢༡ ལེ་ལོ་མེད་པ་ཡིན་པ། ༢༢ གྲོགས་པོ་བརྟན་པ་ཡིན་པ། ༢༣ མི་ཕན་པ་རྗེས་སུ་སྟེར་བར་བྱེད་པ་མ་ཡིན་པ། ༢༤ ཁྲོ་བའི་ཤུགས་དང་དགའ་བ་ལ་ཡ་བོ་སྡོམ་པར་བྱེད་པ་ཡིན་པ། ༢༥ ཟས་དང་སྐོམ་ལ་ཤིན་ཏུ་ཀུན་ནས་ཆགས་པའི་རང་བཞིན་ཅན་མ་ཡིན་པ། ༢༦ ལེགས་པར་བསམ་པར་བྱ་བ་རྣམས་སེམས་པ་ཡིན་པ། ༢༧ དོན་དུས་རིང་དུ་བསྐོར་བར་བྱེད་པ་མ་ཡིན་པ། ༢༨ ཆོས་ལ་སྐྱེ་རྒུ་རབ་ཏུ་འགོད་པར་བྱེད་པ། ༢༩ དགེ་བ་བཅུའི་ལས་ཀྱི་ལམ་གྱི་དགེ་བ་རྣམས་བྱེད་པར་འགྱུར་བ། ༣༠ རྒྱུ་དང་རྐྱེན་ལེགས་པར་སྟོན་པར་བྱེད་པ། ༣༡ ལྷ་དག་མཆོད་པར་བྱེད་པ། ༣༢ བུ་དང་བུ་མོ་ཡང་དག་པར་བདེ་བར་ཡོངས་སུ་སྐྱོང་བར་བྱེད་པ། ༣༣ རྟག་པར་ཡང་ཤེས་རབ་གོམས་པར་བྱེད་པའི་རང་བཞིན་ཅན་ཡིན་པ། ༣༤ ཡུལ་གྱིས་དཀྲི་བར་འགྱུར་བ་མ་ཡིན་པ། ༣༥ རིགས་དང་ལྡན་པའི་རང་བཞིན་རྣམས་ཀྱི་རིགས་ཀྱི་གཞི་སྦྱིན་པར་གཏོང་བ་བཅས་སོ། །