77054

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོའི་དབང་ཕྱུག་བརྒྱད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། ཕ་རོལ་ཏུ་ཕྱིན་པའི་གཞུང་གིས། སྐུ་ཡང་བ་དང་། ཕྲ་བ་དང་། གཞན་གྱིས་མཆོད་པ་དང་། བདག་པོར་གྱུར་པ་དང་། ལོངས་སྤྱོད་པ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། དགའ་མགུར་སྤྱོད་པ་དང་བརྒྱད་དོ། །ཞེས་དང་། དེ་ཡང་འདི་སྐད་དུ། ཡང་ཞིང་ཕྲ་བ་མཆོད་པའི་འོས། །བདག་གྱུར་ལོངས་སྤྱོད་གར་ཡང་ཕྱིན། །འདོད་དགུར་ལྡན་ཞིང་དགའ་མགུར་སྤྱོད། །དེ་དག་རྒྱལ་པོའི་དབང་ཕྱུག་བརྒྱད། །ཅེས་འབྱུང་ངོ་། །ཞེས་གསུངས།
Domain ཆོས་ལུགས།