77057
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ རྣམ་པར་སྨིན་པ་ཕུན་སུམ་ཚོགས་པ་ནི། རྒྱལ་པོ་ཕྱུག་པོའི་ཁྱིམ་དུ་སྐྱེས་ཤིང་ཚེ་རིང་བ་དང༌། ནད་ཉུང་བ་དང༌། དབང་ཆེ་བར་གྲགས་པ་དང༌། ཡིད་གཞུངས་པ་དང༌། ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་གང་ཡིན་པ་དེ་ནི་དེའི་རྣམ་པར་སྨིན་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །༢ སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པ་ནི། རྒྱལ་པོ་ཐབས་ཀྱིས་ཡོངས་སུ་ཟིན་པའི་སྒྲུབ་ཕོད་པ་ཕུན་སུམ་ཚོགས་པ་དང་རྟག་པར་རྒྱུན་དུ་ལྡན་པ་གང་ཡིན་པ་དེ་ནི། དེའི་སྐྱེས་བུའི་རྩལ་ཕུན་སུམ་ཚོགས་པ་ཞེས་བྱའོ། །༣ བསོད་ནམས་ཕུན་སུམ་ཚོགས་པ་ནི། རྒྱལ་པོ་ཆོས་དང་ལྡན་ཞིང་ཆོས་ལ་དགའ་ཆོས་ལ་གནས་ལ། བཙུན་མོའི་འཁོར་དང༌། གཞོན་ནུ་རྣམས་དང༌། གྲོས་གྲོགས་རྣམས་དང༌། ཁྲོམ་གྱི་རུ་སྣ་དང༌། གྲོང་རྡལ་གྱི་མི་རྣམས་དང༌། ཡུལ་གྱི་མི་རྣམས་དང་ལྷན་ཅིག་ཏུ་སྦྱིན་པ་དག་སྦྱིན་པ་དང་། བསོད་ནམས་དག་བྱེད་པ་དང༌། བསྙེན་གནས་ལ་གནས་པ་དང༌། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་གང་ཡིན་པ་དེ་ནི་དེའི་བསོད་ནམས་ཕུན་སུམ་ཚོགས་པ་ཞེས་བྱའོ། ། |
| Domain | ཆོས་ལུགས། |