From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཉ་པར་བཞུགས།
|
རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ལུང་རྣམ་འབྱེད་ལས་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་ལ་ཉེས་དམིགས་བཅུ་གསུངས་ཀྱང་། གཙོ་བོར་ནི་ཆགས་པའི་རྒྱུར་འགྱུར་བ་དང་། སྐུར་པའི་ཚིག་འབྱུང་བའོ། །ངོ་ཏི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་ནུབ་ཕྱོགས་ཀྱི་འོད་དམར་པོ་འདས་ནས་སྐྱ་རེངས་ཐ་མ་མ་ཤར་གྱི་བར་དུ་བཙུན་མོའི་འཁོར་རམ། རྒྱལ་པོའི་ཕོ་བྲང་གི་གནས་སུ་འགྲོ་ན་བསྐོར་བ་མེད་ན་ཕྱི་རོལ་གྱི་ཉེ་འཁོར་འདོམ་གང་གི་ཁོངས་སུ་ཕྱིན་པ་དང་། བསྐོར་བ་ཡོད་ན་ནང་གི་སྒོ་མ་བཙུགས་པ་ལ་ཕྱི་བསྐོར་གྱི་སྒོ་བཙུགས་ཤིང་བཅད་ན་གཏན་པའི་གནས་འདས་པ་དང་། སྒོ་མ་བཅད་ན་གཏན་པའི་གནས་དེའི་ཉེ་འཁོར་འདོམ་གང་འདས་པ་དང་། ནང་གི་སྒོ་བཙུགས་ཤིང་བཅད་ན་དེ་ཉིད་ཀྱི་གཏན་པའི་གནས་སུ་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དུ་འགྲོ་བའི་གནས་དང་། གང་གི་ཚེ་འགྲོ་བའི་དུས་དང་། གང་གིས་འགྲོ་བའི་རྟེན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་རྒྱལ་པོའི་ཕོ་བྲང་ངམ་བཙུན་མོའི་འཁོར་དུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་དེར་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་སྔར་ངོ་ཏིའི་སྐབས་དང་འདྲའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཤེས་གཙོའོ། ནམ་མ་ལངས་པ་ཉིད་ལའོ། །ཞེས་པ་ནས། བཙུན་མོའི་འཁོར་འདུག་པའི་གནས་དང་འབྲེལ་བ་ཉིད་ལའོ། །ཞེས་དང། རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་དག་ཀྱང་དེ་དང་འདྲའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་མཚན་མོའི་དུས་སུ་དེར་ཤེས་བཞིན་དུ་རྒྱལ་པོའི་ཕོ་བྲང་སོགས་སུ་རྒྱུ་ཞིང་ནམ་མ་ལངས་ཀྱི་བར་དུ་བསྡད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །གལ་ཏེ་རྒྱལ་པོ་དང་བཙུན་མོ་སོགས་འདུལ་བའི་དགོས་པ་ཡོད་ན་ལྟུང་བ་མེད་དོ། །ཉིན་མོའི་འགོ་སྐྱ་རེངས་དང་པོ་ནས་འཛིན་ཀྱང་ནམ་ལངས་པ་ནི། སྐྱ་རེངས་ཐ་མ་ཤར་བ་ལ་འཇོག་སྟེ། འདིར་ནི་སྐྱ་རེངས་ཐ་མ་ཤར་བ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྔ་དྲོ་སོགས་ཕོ་བྲང་དུ་ཕྱིན་ནས་ནུབ་མོ་དེར་བསྡད་པ་ལ་ཡང་ལྟུང་བྱེད་འབྱུང་བར་བཤད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
|
| Domain
|
ཆོས་ལུགས།
|