77086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་ཕྲན་སིལ་མ་བཅུ་གཉིས་ (1)
Part of speech མིང་ཚིག
Definition ༡ མཆིམས་ཡུལ་གྲུ་ཤུལ་ན། མཆིམས་རྗེ་ནི་གུ་ཡོད། བློན་པོ་སྣང་དང་དེང་། ༢ ཞང་ཞུང་ཡུལ་ན། རྒྱལ་པོ་ལེགས་སྙ་ཤུར། རྨ་དང་ར་སངས་བློན། ༣ མྱང་རོ་ཕྱོང་དཀར་ན། གཙང་རྗེ་ཐོང་དཀར་བློན་པོ་གནང་། ༤ གནུབས་ཡུལ་གླིང་དགུ་ན་སྣུབས་རྗེ་དམིགས་པ་བློན་པོ་རྨེའུ་དང་འབྲོ། ༥ ཉང་རོ་ཤམ་བོར་ལོ་རྔམ་རྗེ་འབྲོམ་བློན་པོ་ཤེ་སུང་གཉིས། ༦ ཀྱི་རི་ལྗོན་སྔོན་ན་ཀྱི་རྗེ་རྨད་པོ་བློན་པོ་ངམ་དང་འབྲོ། ༧ ངམ་ཤོད་ཁྲ་སྣར་ཟིངས་རྗེ་འཕྲང་གསུམ་བློན་མགར་དང་གཉན། ༨ འོལ་ཕུ་སྤང་མཁར་དུ་ཟིང་རྗེ་ཐོན་ཕྲེང་བློན་པོ་རྔོག་དང་སྦས། ༩ སྲིབས་ཡུལ་གྱི་རལ་གོང་དུ་བྲང་རྗེ་གོང་ནམ་བློན་པོ་སྤྲད་དང་ཞུགས། ༡༠ ཀོང་ཡུལ་བྲེ་སྣ་ཀོང་རྗེ་ཀར་པོ་ཏུག་དང་མཁར་པ་བློན། ༡༡ ཉང་ཡུལ་རྣམ་གསུམ་ན་ཉང་བཙུན་གླང་རྒྱལ་བློན་པོ་ཕུག་དང་ངོ་རྗེ། ༡༢ དྭགས་ཡུལ་གྲུ་བཞི་ན་དྭགས་རྗེ་མང་པོ་རྒྱལ་བློན་པོ་རླངས་སྐམ་གཉིས་བཅས་སོ། །
Domain ལོ་རྒྱུས།
རྒྱལ་ཕྲན་སིལ་མ་བཅུ་གཉིས་ (2)
Part of speech མིང་ཚིག
Definition ༡ ཡུལ་འཆིམས་ཡུལ་ནག་པོ་དགུ་སུལ་ན། རྒྱལ་པོ་འཆིམས་རྗེ་ནེ་གུ། བློན་པོ་དང་དང་དིང་། ༢ ཡུལ་ཞང་ཞུང་ན། རྒྱལ་པོ་ཞང་ཞུང་དར་གྱི་རྗེ་ལི་ག་ཤུར་བཞུགས། བློན་པོ་སྨ་ར་སངས་རྗེ། ༣ ཡུལ་མྱང་རོ་མཆད་དཀར་ན། རྒྱལ་པོ་རྩང་རྗེ་ཐོད་དཀར། བློན་པོ་བན། ༤ ཡུལ་སྣུབས་ཡུལ་གླིང་དགུ་ན། རྒྱལ་པོ་སྣུབས་རྗེ་སྲིད་པ། བློན་པོ་རྨེའུ་དང་འགྲོ། ༥ ཡུལ་ཉང་རོ་ཤམ་པོ་ན། རྒྱལ་པོ་ལོ་ངམ་བྱི་རོམ། བློན་པོ་ཤེའུ་དང་ཡུག ༦ ཡུལ་གྱི་ར་ལྗོངས་སྔོན་ན། རྒྱལ་པོ་ཀྱི་རྗེ་རྨངས་པོ། བློན་པོ་ངས་མི་དང་འགྲོ། ༧ ཡུལ་ངས་པོ་ཁྲ་སྣ་ན། རྒྱལ་པོ་གུང་ཁྲི་ཟིངས་པོ་རྗེ་ཁྲི་འབངས་གསུམ། བློན་པོ་འགར་དང་སྙན། ༨ ཡུལ་འོལ་ཕུ་ཡང་མཁར་ན། རྒྱལ་པོ་ཟིན་འབྲང་རྗེ། བློན་པོ་གོ་དང་སྦས། ༩ ཡུལ་ཀྲིས་ཕུ་རོལ་མོ་གོང་ན། རྒྱལ་པོ་དྲང་རྗེ་གོང་ནམ་བཞུགས། བློན་པོ་སྦྲད་དང་ཞུ། ༡༠ ཡུལ་ཉང་ཡུལ་རྣམ་གསུམ་ན། རྒྱལ་པོ་ཉང་བཙུན་གླང་རྒྱབ་བཞུགས། བློན་པོ་དེ་རུ་སྤུན་གཉིས། ༡༡ ཡུལ་དྭགས་ཡུལ་སེ་མོ་གྲུ་བཞི་ན། རྒྱལ་པོ་དྭགས་རྗེ་ལྕེ་མང་བཞུགས། བློན་པོ་བླ་དང་ཀམ་མོ། ༡༢ ཡུལ་འབྲོག་མོ་རྣམ་གསུམ་ན། རྒྱལ་པོ་སེར་ཁྲི། བློན་པོ་རྐང་རེ་ནག་པོའོ། །