From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱལ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
མི་མཐུན་པའམ་འགྲན་ཟླ་ཕམ་པར་བྱས་ཤིང་རང་ཕྱོགས་ཀྱི་དམིགས་འདུན་གྲུབ་པའི་དོན་ཏེ།
|
| Example
|
གཡུལ་ལས་རྒྱལ་བ། རང་ཕྱོགས་རྒྱལ་བ་ལ་རྟེན་འབྲེལ་ཞུ། ལྟ་བུ།
|
| Antonyms
|
ཕམ་པ།
|
རྒྱལ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སངས་རྒྱས་ཀྱི་མཚན་ཏེ། བདུད་བཞི་ལས་རྣམ་པར་རྒྱལ་བས་ནའོ། །
|
| Type
|
མངོན་བརྗོད།
|
རྒྱལ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་ཉེར་བཞི་མཚོན་ཏེ། ལང་ཀར་གཤེགས་པའི་མདོ་ལས་གསུངས་པའི་རྒྱལ་བ་སྟེ་སངས་རྒྱས་ཉེར་བཞི་ཡོད་པར་གསུངས་པས་ནའོ། །
|
རྒྱལ་བ་ (4)
| Part of speech
|
མིང་ཚིག
|
| Definition
|
ཤིང་ཕོ་རྟ།
|
| Domain
|
རྩིས་རིག
|
རྒྱལ་བ་ (1)
| Part of speech
|
མཚུངས་ཚིག
|
| Definition
|
མཚུངས་གསལ་གྱི་སྒྲ་སྡེ་ཚན་གསུམ་པའི་གསུམ་པ་དཔེ་རྒྱན་གསལ་བྱེད་དེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
|
| Example
|
རྒྱལ་དབང་ལྔ་པས། འོད་ཀྱི་ཕུང་བོའི་གཟི་ལྡན་ཞལ་གྱི་ཁྱིམ། །སྒྲ་གཅན་གྱིས་སྒྲིབ་རྟ་ལྗང་ཅན་ལས་རྒྱལ། །ཞེས་པ་ལྟ་བུའོ། །
|
| Domain
|
རྩོམ་རིག
|