77113
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཞི་པའི་ཆུ་བྱ་ཕྱི་ལོ་ ༡༢༡༣ ལོར་སྟོད་ལྷོའི་དགོན་པ་ལྷ་གདོང་དུ་ཡབ་ཇོ་བསམ་དང་། ཡུམ་རྣལ་འབྱོར་མ་ཆོས་མཐོང་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་སྟོང་ཡིན། བྱིས་དུས་ཀྱི་མིང་ལ་གདུང་སོ་བ་འབར་ཞེས་གསོལ། དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་མཁྱེན་དང་། མགུར་ཡང་མང་པོ་གསུངས། སངས་རྒྱས་མི་བསྐྱོད་རྡོ་རྗེ་ལས་མྱང་གཏེར་ཁའི་སྐོར་དང་ཞི་བྱེད་སྐོར་གསན། དྲུག་པར་ཕུལ་དམར་བ་ལས་སྒྱུ་འཕྲུལ་གྱི་དབང་དང་། རྫོགས་པ་ཆེན་པོའི་རྒྱུད་ཀྱི་གདམས་ངག བཀའ་གདམས། ཞི་བྱེད། གཅོད་ཡུལ། ལམ་འབྲས་སྙིང་པོ་སྐོར་ཞལ་གདམས་རྒྱབ་ཆོས་དང་བཅས་པ་གསན། དགུ་པར་ལྷ་གདོང་གི་གདན་སར་ཕེབས། བླ་མ་ཀོ་བྲག་པ་དང་། རྗེ་རྒོད་ཚང་པ། ས་སྐྱ་པཎ་ཆེན། རྗེ་སྤྱན་སྔ། སངས་རྒྱས་རས་ཆེན། བླ་མ་དྲོད་ཆུང་བཅས་ལས་ཆོས་མ་ལུས་པར་ཞུས། ཉེར་གཉིས་པར་མཁན་པོ་ལྷ་བཙུན་སོག་ཁ་བ། ལས་སློབ་ཀོ་བྲག་པ། གསང་སྟོན་དྲོད་ཆུང་བཅས་ལས་བསྙེན་པར་རྫོགས། མཚན་ལ་རྒྱལ་མཚན་དཔལ་ཞེས་གསོལ། ཤྲཱི་རི་གནམ་སྡིངས་ཀྱི་དགོན་པ་ཕྱག་བཏབ། དེར་ལོ་གཅིག་རིང་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས། བུ་ལེ་སོགས་དབེན་གནས་བསྟེན། ཞེ་དྲུག་པ་རབ་བྱུང་བཞི་པའི་ས་རྟ་ཕྱི་ལོ་ ༡༢༥༨ ལོར་སྐུ་གཤེགས། རྗེ་རྒོད་ཚང་པའི་མཆོག་གྱུར་གྱི་སློབ་མ་ཡིན། སློབ་མ་གཙོ་བོ་ནི་སྤྱན་སྔ་རིན་ཆེན་ལྡན་དང། ལོ་རས་ཆོས་སྐྱོང་དཔལ་གཉིས་ཡིན། གསུང་རྩོམ་ནི་རི་ཆོས་སྐོར་གསུམ་དང་། མ་དྲུག མགུར་འབུམ་པོད་གཅིག་བཞུགས། མཚན་གཞན། གདུང་སོ་བ་འབར། |