77123
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚེས་བཅུ་སྐུ་ཕྲེང་གཉིས་པ་རྒྱལ་བ་རྡོ་རྗེ་བསྟན་འཛིན་ནི། མདོ་སྨད་བཞག་ཤོད་ཀྱི་བཞག་ར་སྨན་རྩེས་ཞོལ་པཱ་ལ་རྗེ་མོའི་ཐང་དུ་སྐུ་འཁྲུངས། ཆེར་བསྐྱེད་སྐུ་ན་སོན་སྐབས། ཆོས་རྗེ་དཔལ་འབྱོར་བཟང་པོས་ཚེས་བཅུ་སྐུ་ཕྲེང་གཉིས་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ནས་སྐུ་བདག་དང་བཅས་ཚེས་བཅུའི་གདན་སར་མངའ་གསོལ། ཆོས་རྗེ་དེ་ཉིད་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་ཟབ་བཀའ་བཤད་ཁྲིད་མན་ངག་ཡོངས་རྫོགས་གསན་ཏེ་ཐུགས་སྒོམ་སྒྲུབ་ལ་བརྩོན་པ་ལྷུར་ལེན་བཞིན་དུ་སྐབས་སྐབས་སུ་ཆོས་རྗེ་གཞོན་ནུ་རྒྱལ་མཚན་སོགས་ཀྱི་དྲུང་ནས་ཀྱང་ཟབ་མོའི་ཆོས་ཀྱི་སྒོ་དུ་མ་ནོད་ནས་དེ་དོན་ཉམས་ལེན་གྱིས་གནད་ཁེལ་ཚགས་སུ་ཚུད་ཅིང་། སྤྲུལ་པའི་སྐུ་འདི་ཉིད་ཀྱིས་སྒྲུབ་གནས་འཛི་སྟོད་ཀྱི་རི་ཁྲོད་སོགས་དབེན་གནས་དུ་མར་མཚམས་སྒྲུབ་ཐུགས་དམ་རྩེ་གཅིག་མཛད། རེ་ཞིག་གི་མཚམས་ནས་ཚེས་བཅུ་སྒར་གྱི་མངའ་བདག་དུ་བཞུགས་ནས་འགྲོ་ཕན་རྒྱ་ཆེར་མཛད་ཅིང་། འཛི་ཡུལ་མཆོག་དམན་ཡོངས་ཀྱིས་བླ་མར་བཀུར་ཏེ་བསྟན་འགྲོ་ལ་སྨན་པའི་མཛད་སྒོ་ཀུན་ནས་རྒྱས་པ་སོགས་ཆོས་སྲིད་ཀྱི་མཛད་ཕྲིན་དར་རྒྱས་བྱུང་རྗེས་སྐུ་ཞི་བར་གཤེགས་ཏེ་དགོངས་མཆོད་སོགས་ཀྱིས་རྗེས་སྒྲུབ་མཛད་པའོ། ། |