77127

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་ལྷུན་གྲུབ་གྲགས་པ་ (1)
Part of speech མིང་ཚིག
Definition ཆོས་རྗེ་སྐུ་ཕྲེང་ལྔ་པ་གོ་རྒྱལ་རྒྱལ་བ་ལྷུན་གྲུབ་གྲགས་པ་ནི། རྒྱལ་རོང་གོ་རྒྱལ་ཟེར་བའི་ཡུལ་དུ་ཤིང་སྟག་ལོར་བྱ་སྨད་ཅེས་པའི་རིགས་སུ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་ཐོག་ནས་ཀློག་སོགས་རིག་གནས་འགའ་ལ་སྦྱངས་བ་མཛད་པ་དང་དགུང་ལོ་དགུའི་མཚམས་སུ་ཆོས་རྗེ་སྐུ་གོང་མའི་སྐུ་སྐྱེས་སུ་ཁྲི་སྟོན་མཛད། ཆོས་རྗེའི་སྐུ་དབོན་དམ་པ་སོགས་ཀྱི་མདུན་ནས་སོ་ཐར་གྱི་སྡོམ་པ་ཞུས་ནས་མཚན་ལ་རྒྱལ་བ་ལྷུན་གྲུབ་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་བདུན་གྱི་སྐབས་ནས་དུས་ཀྱི་འཁོར་ལོའི་རིམ་པ་གཉིས་ཀྱི་རྣལ་འབྱོར་གནད་ཁེལ་ཉམས་ལེན་གྱིས་རྟོགས་པ་ཀློང་དུ་གྱུར། ཆོས་རྗེ་ཁོང་གི་སྒྲུབ་ཆས་ན་བཟའ་མཐོང་ཙམ་གྱིས་ཀྱང་གདོན་འགོག་པར་བྱེད་ཐུབ་པའི་ནུས་མཐུ་མཆོག་མངའ་བའི་རྣལ་འབྱོར་པ་ཞིག་ཡིན་ལ། ཉིད་ཀྱི་ཐུགས་སློབ་ཡང་བླ་མ་སེང་གེ་རྒྱལ་མཚན་དང་། སྙིང་པོ་རབ་འབྱམས། ཀུན་དགའ་ཡེ་ཤེས་སོགས་རྣལ་འབྱོར་པ་ནུས་མཐུ་མཆོག་མངའ་ཆེས་མང་པོ་བྱོན་ཡོད། དགུང་གྲངས་རེ་གསུམ་མེ་འབྲུག་ལོའི་དུས་སྐབས་ངོ་མཚར་བའི་དགེ་མཚན་དང་བཅས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་མོ། །ཆོས་རྗེ་འདིའི་སྐུ་དུས་མཉམ་པ་ནི་༧རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་སྐུ་ཚེ་སྨད་ཙམ་དུ་ཡིན་ནོ། །