77139
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་མར་རི་བོ་ཆེའི་གདན་རབས་གསུམ་པ། རབ་བྱུང་དྲུག་པའི་ཤིང་སྤྲེལ་ཕྱི་ལོ་༡༣༤༤་ལོར ཡབ་གྭ་ཟི་ཆོས་མགོན་དང་།ཡུམ་གསེར་ཡིག་བཟའ་པདྨ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྗེ་ཨོ་རྒྱན་མགོན་པོ་དང་གཅེན་སློབ་དཔོན་གྲགས་པ་རིན་ཆེན་སོགས་ལས་རང་ལུགས་ཀྱི་ཕ་ཆོས་རྣམས་གསན། ཡེལ་ཕུག་པ་སངས་རྒྱས་རིན་ཆེན་གྱི་དྲུང་ནས་རབ་བསྙེན་བསྒྲུབས། མེ་རྟ་ཕྱི་ལོ་ ༣༦༦ ལོར་རི་བོ་ཆེའི་གདན་སའི་ཁྲི་ལ་འཁོད། གྲང་གསེར་བ་ཀོ་བའི་འཐུག་ཚད་ཙམ་གྱི་ཕྱི་ཐུམ་བྱས་པའི་མཆོད་རྟེན་སྐུ་འབུམ་བར་མ་འམ་ལྷུན་པོ་བཀྲ་ཤིས་མཆོག་ལྡན་དང་། གྱོ་མོ་གཡུ་རྩི་ཅན་གྱི་ཐོག་ཁེབ་ལ་གསེར་གྱི་འཕྲུ་ལྡན་པའི་འབུམ་ཁང་རྒྱ་ནག་མ་སོགས་རྟེན་གསུམ་བཞེངས་བསྐྲུན་མཛད།སྐབས་འདིར་རི་ཆེའི་ཆོས་སྲིད་ཀྱི་སྡེ་འབངས་མཐའ་དག་དར་རྒྱས་བྱུང་ཞིང་། དགེ་འདུན་དྲུག་སྟོང་ལས་བརྒལ་བ་ཡོད་པར་བཤད། ཏ་མིང་གོང་མ་ཧུང་ཝུས་གོ་ཤྲིའི་མཚན་བསྟོད་དང་། ཟང་ཟིང་གི་འབུལ་སྐྱེས་ཀྱང་ཕུལ་འདུག། བཅའ་ཁྲིམས་དམ་པ་དང་ཆོས་འཁོར་རྒྱ་ཆེ་ཞིད་གསུང་རྩོམ་ཡང་མང་པོ་ཡོད་སྐད། རབ་བྱུང་དྲུག་པའི་ཤིང་བྱི་ཕྱི་ལོ་ ༡༣༨ ་ལོར་ཀུན་སྤངས་མཛད་དེ ། ཡང་དབྱེན་མཁར་ནག་གསར་དུ་བཏབ་ནས་མཁར་ནག་དང་ལྷ་ལུང་སོགས་སུ་བཞུགས། མཐར་རབ་བྱུང་བདུན་པའི་ལྕགས་སྦྲུལ་ཕྱི་ལོ་་༡༤༠༡་ལོར་སྐུ་གཤེགས། སློབ་མ་ལ་བཀའ་བཞི་པ་བསོད་ནམས་བློ་གྲོས་སྐུ་མཆེད་དང་། དབུས་པ་འཇམ་དབྱངས། དོན་ཡོད་པ། ཡོན་ཏན་འོད་ཟེར། བསོད་ནམས་རྒྱལ་མཚན་བྱ་བ་སོགས་མང་དུ་བྱུང་། |