77146
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁ་ཆེའི་རིགས་ཀྱི་པཎྜི་ཏ་ཆེན་པོ་རིག་པའི་གནས་ལྔ་ལ་སྦྱངས་ཤིང་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱན་པ་བུདྡྷ་ཤྲཱི་ཛྙཱ་ན་ཞེས་བྱ་བས་མཛད་པའི་རྒྱལ་བའི་ལམ་ལ་འཇུག་པ། འདིའི་སྒྱུར་བ་པོ་བུ་སྟོན་དང་། པེ་ཅིང་པར་དང་། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་“ཁ་ཆེའི་པཎྜི་ཏ་བུདྡྷ་ན་དང་། ལོ་ཙཱ་བ་ཆག་དགྲ་བཅོམ་གཉིས་འཁོད། གཞུང་འདིའི་མཇུག་ཏུ་བསྒྱུར་བའི་དགོས་འབྲེལ་དང་གཞན་ལ་གདམས་པ་དང་། བཟོད་པར་གསོལ་བ་དང་བསྔོ་བ་ཤློ་ཀ་གསུམ་ལོ་ཙཱ་བས་མཛད་པ་བཞུགས། བསྟན་འགྱུར་དབུ་མ་གི་པར་བཞུགས། |