77167

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བོན་ཐོད་མེན་སེང་གེ་འགྲམ་ (1)
Part of speech མིང་ཚིག
Definition བོན། དཔག་པའི་མི་རིགས་བཞིའི་ནང་ཚན་འཁོར་ལོ་དབང་བསྒྱུར་གྱི་མི་ནི་ལྷོ་འཛམ་བུ་གླིང་དུ་སྐྱོབ་པའི་ལྷ་ཁྲི་ཤེས་དཀར་པོའི་ཐུགས་ཀྱི་སྤྲུལ་པ་ལས། གདུང་རྒྱུད་འཛིན་པའི་རྒྱལ་པོ་དྲུག་ཏུ་སྤྲུལ་ཏེ། དམུ་གཤེན་ལྷའི་གདུང་རྒྱུད་དང་། ཤག་རིགས་གར་གསས་ཀྱི་གདུང་རྒྱུད། ཧོས་རིགས་གནམ་གསས་ཀྱི་གདུང་རྒྱུད། དཔོ་རིགས་གསས་རྗེའི་གདུང་བརྒྱུད། རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་རྒྱུད། གཉན་མཁའ་འགྱིང་གདུང་རྒྱུད་དང་དྲུག་ལས། ཤག་རིགས་གར་གསས་ཀྱི་གདུང་རྒྱུད་ལས་སོན་པའི་ཤག་རིགས་ཀྱི་རྒྱལ་པོ་སྤྱི་བོར་སྐྱེས་ཀྱི་སྲས། གཞུ་རྟེན་དང་། ཕྲག་པར་སྐྱེས་གཉིས་ཡོད་པའི་ནང་གསེས། གཞུ་རྟེན་ལ་སྲས་སེང་གེ་འགྲམ་དང་། སེང་གེའི་སྒྲ་གཉིས་སུ་འདུག་པར། རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས་གསུངས་པས། དེའི་དང་པོ་སེང་གེ་འགྲམ་དང་། རྒྱལ་བོན་ཐོད་མེན་སེང་འགྲམ་གཉིས་དོན་གཅིག་ཏུ་གནས་ཤིང་གང་ཟག་གཅིག་གི་མཚན་གྱི་རྣམ་གྲངས་ཡིན་པར་སེམས་སོ། །