77178

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་༡༣ པའི་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོར་འབོ་རའི་རྒྱ་སྒང་ཐར་དུ་བསམ་བཞིན་འཁྲུངས། ཞག་བདུན་ནས་ཨ་མ་ཞེས་འབོད་པ་སོགས་མཚན་ལྟས་ངོ་མཚར་བ་མངའ། དགུང་ལོ་བཅུ་གཟིག་པ་ལ་རབ་དུ་བྱུང་། དགུང་ལོ་ཉེར་གཉིས་ཆུ་ཡོས་ཕྱི་ལོ་ ༡༧༨༣ ལོར་ཡུལ་དབུས་སུ་བྱོན། དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། གུང་ཐང་འཇམ་དཔལ་དབྱངས་དགེ་རྒན་དུ་བསྟེན། དགུང་ལོ་ཉེར་ལྔ་པ་མེ་རྟ་ལོར་གཞུང་ནས་གཞུང་ནས་ཆོས་འཁོར་རྒྱལ་གྱི་མཁན་པོར་བསྐོས། དེར་ལུགས་གཉིས་ཀྱི་མཛད་སྒོ་གོང་འཕེལ་དུ་བསྐྱངས། རྒྱལ་མཁན་པོ་ཞེས་པའི་མཚར་དེ་ནས་ཆགས། བཀའ་པོད་ལྔའི་སློབ་གཉེར་རྫོགས་པ་ན་ལྷ་རམས་ཐོན། དགུང་གྲངས་དོན་བྲུག་རབ་བྱུང་༡༤ པའི་མེ་བྱ་ཕྱི་ལོ་ ༡༨༣༧ ལོར་གཤེགས། གསུང་རྩོམ་པོད་བཞི་བཞུགས།