77179
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་ས་སྟག་ཕྱི་ལོ་ ༡༧༥༨ ལོར་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་བཟུང་ནས་གདན་སར་བཀོད། དགུང་ལོ་བཅུ་དྲུག་པར་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་དུ་སློབ་སྦྱོང་ལ་ཐུགས་བརྩོན་མཛད། རབ་བྱུང་བཅུ་གསུམ་པའི་ཤིང་རྟ་ཕྱི་ལོ་ ༡༧༧༤ ལོར་རོང་བོ་ཐོས་བསམ་གླིང་གི་གདན་ཁྲིར་བཞུགས། བཅུ་དགུ་པར་སྤྱང་ལུང་དགེ་འདུན་བསྟན་འཛིན་ལས་བསྙེན་པར་རྫོགས། ཕྱག་རྫས་གང་ཡོད་འདུས་ཚོགས་སུ་ཕུལ་ནས་ལོ་བདུན་རིང་བསྙེན་བཀུར་མཛད། གླིང་རྒྱལ་ཞོ་འཕོང་གཉིས་ནས་སྦྱིན་བདག་རྒྱ་ཆེན་བྱས་ཏེ་གཡའ་མ་བཀྲ་ཤིས་འཁྱིལ་གྱི་སྒྲུབ་སྡེ་བཙུགས། རྡོ་སྦིས་ཕྱོགས་ཀྱི་དགུ་རིས་གྲྭ་ཚང་སོགས་བཤད་སྒྲུབ་ཀྱི་སྡེ་བཅུ་ལྷག་གི་དགོན་མགོ་ཕུལ་བ་བདག་གིར་མཛད། སླར་ཡང་རབ་བྱུང་བཅུ་གསུམ་པའི་མེ་ཕྱི་ལོ་ ༡༧༩༦ ལོར་རོང་བོ་ཐོས་བསམ་གླིང་གདན་སའི་ཁྲིར་བྱོན་ནས་གདན་ས་ལོ་བཞིའི་རིང་བསྐྱངས། འདས་ལོ་མི་གསལ། རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་གི་གདན་རབས་བཅུ་དྲུག་པ་དང་། ཉི་ཤུ་བ་ཡིན། |