77181

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མཁན་ཆེན་སྐུ་ཕྲེང་གཉིས་པ་དགེ་འདུན་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་སྟག་ཕྱི་ལོ་ ༡༧༥༧ ལོར། མདོ་སྨད་རེབ་གོང་དུ་སྐུ་གོང་མའི་སྐུ་ཉེར་འཁྲུངས། བཅུ་གཅིག་པར་རོང་པོ་དགོན་ཆེན་གྱི་ཆོས་གྲྭར་ཞུགས། བཅུ་བདུན་ཐོག་དགོན་ཆེན་གྱི་ཁྲིར་བཞུགས། རྡོ་སྦིས་སྒོ་རུའི་གྲྭ་ཚང་སོགས་བཤད་སྒྲུབ་ཀྱི་སྡེ་བཅུ་ལྷག་འཛིན་བདག་མཛད་དེ་ཆོས་སྲིད་གཉིས་ཀྱིས་བསྐྱངས།