77186
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་ཕྱི་ལོ་ ༡༨༨༠ ལོར་མདོ་སྨད་དུ་འཁྲུངས། ཆུང་དུས་ནས་རྒྱལ་མཁན་པོའི་སྐུ་ཕྲེང་བཞི་པར་ངོས་བཟུང་ནས་རྒྱལ་མཁན་པོའི་གདན་སར་ཕེབས། ངག་དབང་ཐུབ་བསྟན་རྒྱ་མཚོ་སོགས་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ལྷག་ཏུ་ནང་རིག་དང་སྙན་ངག་སོགས་ལ་མཁས། འདས་ལོ་མི་གསལ། གསུང་རྩོམ་ནི་སྒྲུབ་ཐབས་དང་། དྲིས་ལན། རྣམ་ཐར། ལོ་རྒྱུས། དབང་ལུང་གི་ཟིན་ཐོ། གཏམ་ཚོགས། གནས་བསྟོད་སོགས་པོ་ཏི་གཉིས་བཞུགས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཤིང་པར་བརྐོས་ནས་ཡོད། |