From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱལ་མཚན་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་མཚོན་བྱེད་ཀྱི་མཆོད་རྫས་ཤིག
|
རྒྱལ་མཚན་ (2)
| Part of speech
|
མིང་ཚིག
|
| Definition
|
ཟླ་ཚེས་དང་རིན་པོ་ཆེ་དང་རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་གྱི་རིན་པོ་ཆེའི་དབྱུག་པ་ལ་བཅིངས་ཤིང་། དྲིལ་བུ་འཁྲོལ་བ་བཅིངས་པའི་དར་ལྕེ་གསུམ་པ་རྩེ་མོ་ལ་རི་དྭགས་ཀྱི་རྒྱལ་པོ་དང་ངང་པའི་རྒྱལ་པོ་དང་ཀླུ་ཟ་བ་དང་ཉ་སྤུ་རྒྱས་པ་དང་། ཆུ་སྲིན་གྱིས་མཚན་པ་རླུང་གིས་བསྐྱོད་པས་སུམ་ཁུགས་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན་ནོ། །སྲོག་ཆགས་ཀྱི་མཚན་མ་བྱེད་པའི་རྩེ་མོ་ནི་དར་ལྕེའི་རྩེ་མོའོ། །ཞེས་རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོ་ལས་གསུངས་སོ། །
|
རྒྱལ་མཚན་ (3)
| Part of speech
|
མིང་ཚིག
|
| Definition
|
རྟགས་དང་ཆ་ལུགས་སམ་ཆས་གོས།
|
| Example
|
མི་སྟེགས་ཀྱི་རྒྱལ་མཚན་འཆང་བ་ཞེས་པ་ལྟ་བུ།
|