77201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མཚན་བརྗེ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་དགེ་སློང་མ་འདུན་མས་དགེ་སློང་འདུན་པ་དང་སྣམ་སྦྱར་བརྗེས་པ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུ་བྱས་ཏེ། རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །དགེ་སློང་མས་དགེ་སློང་དང་ལྷན་ཅིག་དགེ་སློང་མའི་ཆོས་གོས་ལ་ཀར་ཤ་པ་ན་ཉི་ཤུར་ནི་གོས་ལྕི་བ་བསྟེན་པའི་ཉེས་པར་འགྱུར་བས་དགེ་སློང་གི་སྣམ་སྦྱར་ངན་པ་དང་བརྗེ་བ་ལ་ཉེས་པ་མེད་པར་སྣམ་སྦྱར་བཟང་ངན་བརྗེ་བ་མ་གཏོགས་པར་སྣམ་སྦྱར་བརྗེ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློང་དང་སྣམ་སྦྱར་བརྗེ་བ་ནི། རྒྱལ་མཚན་བརྗེ་བའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།