77211
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། སྟོན་པས་རྡོ་རྗེ་སེམས་དཔའ་དང་། དཔལ་ཀུན་ཏུ་བཟང་པོར་སྤྲུལ་ནས་རྣལ་འབྱོར་མཆོག་གི་རྒྱུད། རྫོགས་པ་ཨ་ནུ་ཡོ་ག་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཆོས་འཁོར་བསྐོར་པའི་གནས་ཤིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། རྣལ་འབྱོར་མཆོག་གི་རྒྱུད་ལ་རྫོགས་པ་ཨ་ནུ་ཡོ་གའི་ཐེག་པ་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་ཐེག་པ་གཉིས། དང་པོ་ནི། རྒྱལ་མོ་པུ་རིའི་ཚལ་དུ། སྟོན་པ་ཉིད་དཔལ་ཀུན་ཏུ་བཟང་པོའམ། རྡོ་རྗེ་སེམས་དཔར་སྤྲུལ་པ་ལ་ལངྐའི་བདག་པོས་ཞུས་ནས། མདོ་བཞི་དེམས་དང་ལྔར་བཀའ་སྩལ་ཏེ། ཞེས་དང་། ཨ་ཏི་ཡོ་ག་ནི། གནས་རྒྱལ་མོ་པུ་རིའི་ཚལ་དང་། ཟ་མ་པུ་རིའི་ཚལ་དུ་སྟོན་པ་ཉིད་དཔལ་ཀུན་ཏུ་བཟང་པོ་ཀུན་བྱེད་རྒྱལ་པོར་སྤྲུལ་ནས། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་སོགས་རྫོགས་པ་ཆེན་པོ་སེམས་ཕྱོགས་ཀྱི་སྐོར་ལ་སོགས་པ་གསུངས་སོ། །ཞེས་གསལ། |
| Domain | ཆོས་ལུགས། |