77215

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མོའི་གྲོགས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་གྲོགས་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དམར་མོ་བཀྲ་ཆགས་གཟི་མདངས་ཆེ། མི་རྒྱལ་རྒྱུད་པ་རྒྱལ་མོའི་གྲོགས། ཞེེས་གསུངས་པས། དེ་ལ་ཡང་ལུས་སོགས་མདོག་དམར་ལ་བཀྲ་ཆགས་པ་གཟི་བྱིན་གྱི་མདངས་ཉམས་ཆེ་བའི་མི་རྒྱལ་གྱི་རིགས་རྒྱུད་འཛིན་པར་ནུས་པའི་རིགས་ཅན་མ་ལ་བྱའོ། །དེ་ལ་ཡང་རྒྱལ་མོའི་གྲོགས་ཞེས་སྨོས་པ་ནི་རྒྱལ་རྒྱུད་འཛིན་ནུས་ཀྱི་མཚན་ལྟས་ལྡན་པས་དེ་ལྟར་བརྗོད་དོ། །
Domain ཆོས་ལུགས།