77218

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་ཚ་རིན་ཆེན་མགོན་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ས་ཁྱི་ཕྱི་ལོ་ ༡༡༡༨ ལོར་གཙང་ཡུལ་ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་རུས་སུ་འཁྲུངས། རབ་བྱུང་གསུམ་པའི་ཤིང་ཡོས་ཕྱི་ལོ་ ༡༡༩༥ ལོར་སྐུ་གཤེགས། དགུང་ལོ་ལྔ་པར་ཡི་གེའི་སྦྱོར་ཀློག་མཁྱེན། རྩིས་སོགས་ལ་སྦྱོང་པར་མཛད། གནུར་ཉི་མ་དང་། ཟུར་ཆུང་པའི་སྲས་ཆོས་རྗེ་སྒྲོ་ཕུག་པ། བལ་པོ་པཎྜི་ཏ་ས་མནྟ་ཤྲཱི་སོགས་ལས་ཕྱི་ནང་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་རྣམས་མཁས་པར་སྦྱངས། བཅུ་དགུ་པར་དབུས་སུ་བྱོན། པུ་རངས་ལོ་ཙཱ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ་དང་། ལོ་ཙཱ་བ་ཆོས་ཀྱི་བཟང་པོ། མེས་སྟོན་ཀུན་དགའ་སྙིང་པོ། རྔོག་མདོ་སྡེ་སོགས་ལས་དམ་ཆོས་མང་དུ་གསན་ནས་རབ་ཏུ་བྱུང་། ཕག་མོ་གྲུར་ཕེབས་ནས་འགྲོ་མགོན་རྡོ་རྗེ་རྒྱལ་པོ་དང་མཇལ། ཆོས་དང་གདམས་ངག་མང་དུ་ཞུས། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་དང་། རྒྱ་རས་ས་སོགས་བླ་མ་མང་པོ་ལས་ཟབ་ཁྱད་ཅན་གྱི་གདམས་ངག་བརྒྱ་དང་སོ་དྲུག་བཞུགས། ང་བཞི་པར་མཁན་པོ་ཞང་ཞི་མཛེས་ལས་བསྙེན་པར་རྫོགས། ཁྲོ་ཕུའི་དགོན་ས་ཐོག་མར་བཏབ་ཅིང་དགེ་འདུན་གྱི་ཚོགས་པ་བསྐྱངས། ཁྲོ་ཕུ་བཀའ་བརྒྱུད་ཀྱི་བསྟན་པ་རྒྱས། རབ་བྱུང་གསུམ་པའི་ཤིང་ཡོས་ཕྱི་ལོ་ ༡༡༩༥ ལོར་སྐུ་གཤེགས།